R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༡བ
[A:༡༡༡བ]པས་ལྷག་པ་སེམས་པ། དེ་བས་ལྷག་པ་བསྒོམ་པ། ཁ་ཏོན་གྱི་གོང་ན་ཆོས་སྤྱོད་བཅུ་ལས་ལྷག་པར་བསམ་བསྒོམ་གཉིས་ལས་མེད། ཁྱེད་མོས་པ་དང་མཛད་པ་དེ་ཁ་ཏོན་ཁོ་ན་ལྷག་པ་དང་། བསོད་ནམས་ཆེ་བ་གདའ་ཡིས་གསུངས། འོ་ན་འཇམ་དཔལ་སྡུད་པ་ལྟ་བུ་ལ་བསོད་ནམས་ཁྱད་ཨེ་ཆེ་ཞུས་པས། དེ་མི་ཡོང་སོ་སོ་གང་མོས་པ་བསོད་ནམས་ཆེ་གསུངས། སྡིག་པ་སྦྱོང་བ་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་གང་ཁོ་ན་ལྷག་ཞུས་པས། དེ་བཞིན་ཡིན། སྤྱིར་ཆོས་འདི་ཐམས་ཅད་སྡིག་པའི་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་པ་བགྱི་བ་དང་། ཁྱད་པར་དུ་གང་བྱས་པའི་གཉེན་པོ་དེ་བསྟེན་པ་སྡིག་པའི་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་པ་བགྱི་བ་དང་། ཆོས་ནས་བསོད་ནམས་གང་ཆེ་ཟེར་བ་བྱེད་པ་སྡིག་པའི་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་པ་བགྱི་བ་དང་། རང་གང་མོས་པ་བྱེད་པའི་སྡིག་པའི་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་པ་བགྱི་བ་དང་བཞི་ལགས་གསུངས། སྟོབས་བཞི་པོ་ལ་གལ་གང་ཆེ་ཞུས་པས། དེ་སྡིག་པ་འདག་པར་བྱེད་པ་ལ་བཞི་ཀ་ཚང་དགོས། གལ་སོར་ཆུད་པ་བྱ་བ་སྡིག་པ་ཕྱི་མ་མི་བྱེད་པར་འཕྲོ་ཆོད་པ་འདི་ཁོ་ན་གལ་ཆེ་གསུངས་ནས་གལ་ཆེ་ལུགས་ཀྱི་བཤད་པ་མང་དུ་གསུངས་སོ། །ཡང་ཆོས་ཀྱི་སྤུན། རྡོ་རྗེའི་སྤུན། ཉེ་བའི་སྤུན་བགྱི་བ་གསུམ་གདའ་བ་དེ་ཇི་ལྟར་ལགས་ཞུས་པས། སྐྱབས་སུ་འགྲོ་བ་ནས་རིགས་འཛིན་གྱི་བར་དང་། སངས་རྒྱས་ཀྱི་བསྟན་པས་བསྡུས་ཚད་དེ་ལ་ཆོས་ཀྱི་སྤུན་ཟེར། བླ་མ་ཐ་དད་ཀྱིས་དཀྱིལ་འཁོར་ཐ་དད་དུ་སློབ་མ་ཐ་དད་ལ་དབང་བསྐུར་བ་ལ་རྡོ་རྗེ་སྤུན་ཟེར། བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་སློབ་མ་ཐ་དད་ལ་དབང་བསྐུར་བ་ལ་ཉེ་བའི་