R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༡ན
[A:༡༡༡ན]ནམས་ཆེ་བ་ལགས་གསུངས། སྡུད་པ་ལྟ་བུ་ཀློག་པ་ལ་རིན་པོ་ཆེ་དང་སྣག་ཚ་གཉིས་ལ་བསོད་ནམས་ཁྱད་ཨེ་མཆི་ཞུས་པས། བྲི་བ་རྒྱུའི་ཁྱད་པར། ཀློག་པ་ཚིག་གི་ཁྱད་པར། བསྒོམ་པ་དོན་གྱི་ཁྱད་པར་བགྱི་བ། ཀློག་པ་ལ་ཚིག་དག་པ་དང་། བཟང་བ་གང་ཡིན་བསོད་ནམས་ཆེ་བ་ལགས། དཔེས་ཁྱད་པར་དུ་མ་བྱས། འོན་ཀྱང་རིན་པོ་ཆེས་བྲིས། སྐུ་རགས་ན་བཟའ་ཡན་ཆོད་ལེགས་པ་དང་བཟང་པོ་ཡོད་ན་གུས་པ་དང་གཅེས་སྤྲས་ཆེ་བར་འོང་། དེ་ལས་བཟློག་ན་གུས་པ་དང་གཅེས་སྤྲས་ཆུང་། དེ་ཙམ་གྱི་ཆ་ནས་བསོད་ནམས་ཆེ་ཆུང་བག་ཙམ་ཅིག་འོང་བའང་སྲིད་པ་ལགས་གསུངས། སྡུད་པ་ལྟ་བུ་འདོན་པ་ལ་ཐམས་ཅད་བློ་ལ་མེད་པས་སྡུད་པ་བྱིང་པོ་དཔེ་ལ་བཀླགས། བྱང་ཆུབ་སེམས་དཔའ་སྦྱིན་པས་ཡིད་བཏགས་སོགས་གཤམ་གྱི་ཚིག་ཁ་ཡར་པོ་དེ་བློ་ལ་ཡོད་ནས་བློ་ལས་བཏོན་ན། གཅིག་གིས་ནི་ཀློག་པར་འདུག གཅིག་ཁ་ཏོན་དུ་འདུག་པས། དེ་གཉིས་ཆོས་སྤྱོད་འདྲེས་པའི་ཉེས་པ་ཨེ་མཆིས་ཞུས་པས། དེ་མི་ཡོང་ཆོས་སྤྱོད་བཅུ་པོ་རེ་རེའི་སར་བཅུ་ཀའི་ཆ་མཐུན་འདྲེས་ཀྱང་འདོད་པ་ཡིན་གསུངས། འོ་ན་ཀློག་པ་དང་ཁ་ཏོན་གཉིས་ལ་བསོད་ནམས་ཁྱད་ཨེ་ཡོད་ཞུས་པས། ཆོས་སྤྱོད་བཅུ་དང་ཕར་ཕྱིན་དྲུག་ལ་སོགས་པ་འདི་ཐམས་ཅད། སྔ་མ་ལ་བརྟེན་ཕྱི་མ་བསྐྱེད། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པའི་ཕྱིར་དང་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །བགྱི་བ་ལགས་པས་སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ། སྔ་མ་སྔ་མ་དམན། ཕྱི་མ་ཕྱི་མ་མཆོག་ལགས་པས་ཁ་ཏོན་ལྷག ཆོས་འཆད་པ་བས་ཀྱང་ཁ་ཏོན་ལྷག ཁ་ཏོན་