R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༢ན
[A:༡༡༢ན]སྤུན་ཟེར་བ་ཡིན་གསུངས། བླ་མ་ལྔ་བཅུ་པ་འདི་ལ་བཀའ་གདམས་པ་ཀུན་ཀྱང་བལྟ་རྟོག་དང་ལུང་འདྲེན་འདྲ་བྱེད་པར་གདའ་བ། འདི་རྒྱུད་གང་ལ་བརྟེན་ནས་བརྩམས་ཞུས་པས། འདི་རྩ་ལྟུང་བཅུ་བཞི་པའི་རྩ་ལྟུང་དང་པོ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །ཞེས་པའི་ཚིག་བཞི་པ་དེའི་འགྲེལ་པ་ཤློ་ཀ་ལྔ་བཅུ་པ་འདི་ཡིན་གསུངས་སོ། །སྲོག་གི་དབང་པོ་འགགས་ནས་ཞག་གསུམ་རྣམ་ཤེས་བརྒྱལ་བ་བཞིན་དུ་ཆ་ཟེར་བ་དང་། སྐྱེ་བ་སྔ་མའི་འདུ་ཤེས་འོང་བྱ་བ་དང་གཉིས་གདའ་བ་དེ་ཇི་ལྟར་ལགས་ཞུས་པས། དེ་ཞག་ཕྱེད་བརྒྱལ་བ་བཞིན་དུ་འགྱུར། ཞག་ཕྱེད་དང་གསུམ་སྐྱེ་བ་སྔ་མའི་འདུ་ཤེས་འོང་། ཞག་ཕྱེད་དང་བཞི་ན་ཤི་བར་ངེས་པ་ཡིན་གསུངས། བར་དོ་ལ་ཞག་བདུན་ལས་རིང་བ་ཨེ་མཆིས་ཞུས་པས། ཡུན་སྣང་བ་ལ་ཞག་པས་ཚོགས་མ་བསགས་པ་ལ་བར་དོ་ཡུན་རིང་པོ་ཡོང་བའང་སྲིད། ཚོགས་བསགས་པ་ལ་སྐད་ཅིག་གི་ཡུན་ལས་ཀྱང་མེད། བདུན་ཚོ་བདུན་ཀུན་ཤས་ཆེ་བ་ལ་བཏགས་པ་ཡིན་གསུངས། བར་དོའི་སེམས་ཅན་དེ་བྱིས་པ་ལོ་ལྔ་ལོན་པ་ལ་ཚད་བྱས་པ་དེ་ངེས་སམ་ཞུས་པས། དེའང་ཤས་ཆེ་བ་ལ་བཏགས་པ་ཡིན་ཏེ་འོང་། །མ་ངེས་གསུངས། ཡང་བར་དོའི་སེམས་ཅན་དེ་ས་རྡོ་རི་བྲག་ཅི་ལ་ཡང་ཐོགས་རྡུགས་མི་ཡོང་བ་ལགས་སམ་ཞུས་པས། མའི་མངལ་དང་རྡོ་རྗེའི་གདན་གཉིས་པོ་མ་གཏོགས་ཐོགས་མེད་འགྲོ། བགྱི་བ་དེ་གཉིས་ལ་ཐོགས། གཞན་ཅི་ལ་ཡང་ཐོགས་རྡུགས་མེད་གསུངས། དེའི་རྒྱུ་མཚན་ཇི་ལྟར་ལགས་ཞུས་པས། བསྒྲུབས་པའི་རྫུ་འཕྲུལ་མ་ཡིན་ཏེ། །ལས་ཀྱི་ཤུགས་ཀྱི་རྫུ་འཕྲུལ་གྱིས། །སྟོང་གསུམ་དར་ཅིག་