R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༦ན
[A:༡༠༦ན]དང་། སྙིགས་མའི་དུས་ན་སྔགས་ཁོ་ན་བསྔགས་པའི་བསྔགས་ལུགས་དང་། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱང་སྔགས་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཡིན་ལུགས་ལ་སོགས་པ་སྔགས་ཀྱི་ཞལ་ཟིན་ཆེས་ཆེ་བའི་ཆོས་ཐུན་ཆེན་པོ་གཅིག་གསུངས་ནས་ཀུན་གྱེས་སོ། །བདག་གིས་སྔར་ནས་བླ་མའི་རྣལ་འབྱོར་ཞུ་དགོས་བགྱིས་ནས་བདོག་པས། ཁྱེད་རང་དེར་བཞུགས་ཤིག་གསུངས་ནས། བླ་མ་ཁྲིའི་འོག་ཏུ་གདན་གཅིག་གི་སྟེང་དུ་བྱོན། མཆོད་པ་ལེགས་པར་བཤམ། བཀའ་གདམས་པ་འདི་བླ་མའི་རྣལ་འབྱོར་ཞུ་བར་གདའ་བས། ཁྱེད་རྣམ་པ་གཉིས་ཞུར་འཇུག་པ་ལགས། འདི་གཉིས་སྣེའུ་ཐོག་པའི་དགེ་བཤེས་ལགས་གསུངས་ཙ་ན། དགེ་བཤེས་དེ་གཉིས་མདུན་དུ་བཞུགས། བདག་འབོལ་གཅིག་གི་ཁར་ཁྱེད་འདིར་བཞུགས་གསུངས་ནས་དེ་ལ་རྗེས་ཟློས་བྱ་རྒྱུ་ཅིག་ཀྱང་གདའ། བླ་མའི་རྣལ་འབྱོར་ལ་རྒྱས་བསྡུས་གསུམ་ཡོད་པའི་འདི་རྒྱས་ཤོས་ཡིན་ནོ་གསུངས་ནས་བཤད་པ་མང་པོ་མཛད་དོ། །དེ་ཐོན་མ་ཐོག་ཕྱག་གྲུ་མོ་འབུར་འབུར་འདུག་ཙ་ན་སྐུ་ལུས་ལ་ཆོས་གོས་ཕུད་ནས་ཁྱེད་འདི་གསོལ་ཅིག འདིའི་བླ་མའི་རྣལ་འབྱོར་འགྲུབ་པར་བྱེད་པ་ཡིན་གསུངས་ནས་བདག་ལ་གནང་ནས། ཁྱེད་གཉིས་ལ་ངེད་ལ་མེད་སེམས་པ་སྲིད་དེ། ཁྱེད་རང་གཉིས་ཀྱིས་སྒྲུབ་པ་མ་བྱས་པས་ལན་པ་ཡིན་གསུངས་ནས་ཞལ་སྐྱལ་ཡང་མཛད་དོ། །སྐབས་དེར་སྟོན་པ་ཆོས་མགོན་དེར་བྱུང་བས་ཡས་དེར་བཞུད་པར་བྱས་མིན་ནམ་བྱས། འགྲོ་བར་བྱས་ལགས་ཟེར། དེ་འཐད། མི་ཆོས་ལ་གཏད་པ་མེད། བླ་མས་གནང་བ་བྱུང་ཡང་གནང་། ང་གཤའ་མ་མིན། བླ་མ་འདི་འདྲའི་