R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༦བ
[A:༡༠༦བ]ཟླ་ལ་འགྲོར་ཡོད་པ་འཚེང་བ་ཡིན། ཡས་དུག་ཡོད་ཟེར་བའང་མ་ཡིན་ཏེ། པོ་ཏོ་བའི་ཞལ་ནས་མི་ཡས་སེ་བ་ཕྱོ་རེ་བ་གཅིག་རྟ་བཟང་པོ་ཞོན། གྲོ་བརྒྱགས་བཟང་པོ་བློ་ལ་བཏགས། གྲོགས་བཟང་པོ་དང་འགྲོགས་ནས་སྣ་བསྟད་བཟང་པོའི་སར་འགྲོ་བ་ལམ་ཇི་ཙམ་ཐག་རིང་བས་དགའ་བ་ཡིན་ལོ་བྱས་པས། གཏམ་རྒྱུད་དེ་ད་དུང་སྐྱོར་ཅིག་གསུངས་ནས་དཔེ་དོན་ཞིབ་པར་བཤད་དོ། །དེ་ནས་བདག་ཉེ་གནས་པ་གཅིག་ལ་གཏད་ནས་དཔེ་འདི་ཇོ་གདན་དེའི་ཡིན་པས་བསྐུར་བས་མི་ཡོང་བ་ཡོད། ཁོང་ངའི་གཟིམས་གུར་དུ་གདན་དྲོངས་སྣག་ཤོག་ཚོལ་ལ་མར་མེའི་འོད་ལ་གསོལ་འདེབས་འདི་འབྲིར་ཆུག་ཅིག ང་དཔོན་ཆེན་པའི་དེར་འགྲོ་དགོས་པར་སྣང་གསུངས་ནས་བླ་མ་བཞུད་དོ། །བདག་ཉེ་གནས་གཅིག་གིས་གཟིམས་གུར་དུ་ཁྲིད་ནས་ཡིག་དཔེ་བཤུས་ཙམ་ཅིག་བྲིས་ཟིན། ནམ་ཕྱེད་ཙམ་སོང་ཙ་ན་བླ་མ་རྒྱང་སྟེ་བྱོན་པས། བཀའ་གདམས་པ་ངའི་གཟིམས་གུར་འདིར་འགྲོ་བ་མིན་ནམ་གསུངས། འགྲོ་ལགས་བགྱིས། དེ་ནས་མངོན་པ་བ། སྣེའུ་ཐོག་པ་གཉིས། འདུལ་འཛིན་ཆོས་མགོན། བདག་དང་ལྔ་ལ་ཁྱེད་རྣམས་གལ་ཆེ་ཤོས་ཡིན་འདི་མ་བྱས་ན་དཔོན་སློབ་ཤ་མི་ཕེབས་པ་ཡིན་གསུངས་ནས་ཚོགས་འཁོར་རྒྱས་པ་ཅིག་མཛད། དེ་ལའང་ཆོ་ག་དང་གདམས་ངག་མང་པོ་གདའ། དེའི་རིང་ལ་ཡང་གསུང་གླེང་མང་པོ་མཛད། བདག་ལ་ཁྱེད་རང་དེ་ཁོ་ནར་གཟིམས་ཤིག་གསུངས་ནས། བླ་མའི་གཟིམས་མལ་ལ་ཡོལ་བ་བཏང་ནས་དེ་རང་དུ་ཉལ་བ་ཡིན་ཏེ། རྟེན་དང་བླ་མ་ཐག་ཉེས་པས་བསྡམས་པ་ལྟར་སོང་ནས་གཉིད་ཡེ་མ་བྱུང་། ནམ་ལངས་ནས་ཁྲུས་ལ་ཕྱིན་པའི་