R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 370
[A:370]ཕུབ་པ་བཞིན་དུ་གྱུར་ཏེ། དེ་ལ་དམ་པས་མེ་ཏོག་འཐོར་བས་མེ་ཏོག་གི་དྲ་བ་དང། དྲ་བ་ཕྱེད་པའི་ཚུལ་གྱིས་འཕྱང་བར་གྱུར་ཏོ༎ སླར་ཡང་གླེགས་ཤིང་གི་སྟེང་དུ་གོ་རིམས་མ་འཁྲུགས་པར་བབས་པ་ཞིག་ཡོད་པ་དེ་ལ། ཡུམ་དགའ་ལྡན་མ་ཞེས་ཉི་མ་ལྟར་གྲགས་སོ༎ དུས་ཕྱིས་ཁོ་བོ་ཅག་གི་བདག་ཉིད་ཆེན་པོ་འདིས་རྒྱལ་ལུག་ལྷ་ས?ལྷས་གསེར་གྱི་ལྷ་ཁང་གི་བྱམས་ཆེན་གྱི་དྲུང་དུ། ཡུམ་དགའ་ལྡན་མ་སྤྱན་དྲངས་ནས་མཚན་མོ་སྒྲོན་མེའི་འོད་ཀྱིས་གཟིགས་རྟོག་མཛད་པའི་ཚེ། སྔོན་དམ་པ་རྒྱ་གར་གྱིས་ཡུམ་གྱི་རབ་ཏུ་གནས་པ་ཇི་ལྟར་མཛད་སྙམ་དུ་དགོངས་པ་དེའི་ཚེ། ནམ་མཁའ་ལ་སྒྲ་གྲགས་པ་ནི། གང་གིས་སྟོང་དང་རྟེན་འབྱུང་ངག?དག་༎ དབུ་མའི་ལམ་དུ་དོན་ཅིག་པར༎ གསུང་མཆོག་མཚུངས་པ་མེད་པ་ཡི༎ ཐུབ་དབང་དེ་ལ་ཕྱག་འཚལ་ལོ༎ ཞེས་བརྗོད་ནས་མེ་ཏོག་འཐོར་བ་ཡིན་ཞེས་པའི་སྒྲ་གྲགས་པར་རྗེ་ཉིད་ལས་རྒྱལ་པ་ཧ་རི་སིམ་ཧས་ཐོས་ནས་བཤད་དོ༎ ཡང་བདག་ཉིད་ཆེན་པོ་ཐང་སག་ན་བཞུགས་པའི་ཚེ། ལྷ་རྩེའི་བྲག་ཅེས་པ་རྗེ་བཙུན་དམ་པ་རྒྱ་གར་གྱི་སྒྲུབ་གནས་དེར་དབུ་མ་སྙིང་པོའི་དོན་ལ་ཐུགས་བསམ་མཛད་པའི་ཚེ། ཐོ་རངས་ཤིག་གི་དུས་སུ། སྙིང་པོའི་དོན་ལ་སྙིང་པོ་མེད༎ སྙིང་པོ་མེད་པ་སྙིང་པོ་ཡིན༎ སྙིང་པོ་འདོད་ན་དིང་རི་ན༎ སྡུག་བསྔལ་ཞི་བར་བྱེད་པ་ཡོད༎ ཞེས་བྱ་བའི་སྒྲ་གསན། དེ་ལ་བརྟེན་ནས་ཕྱིས་དིང་རིར་ཞི་བྱེད་གསན་པ་ལ་བྱོན་པ་ཡིན་པའི་ལོ་རྒྱུས་ནི། རྗེ་ཉིད་ཀྱིས་ཞི་བྱེད་ཀྱི་སྐོར་རྣམས་རྒྱས་པར་གསུངས་པའི་སློབ་མ་རྟོགས་ལྡན་གྱི་ཐུལ་བ་ཞེས་བྱ་བ་དང། བླ་མ་ཆོས་སྐྱོངསྐྱེང་རྒྱ་མཚོ་གཉིས་འཐུན་པར་གསུང་ངོ༎ ཡང་བདག་ཉིད་ཆེན་པོ་འདིའི་མཚན་ལ། དམ་པའི་མཚན་དང་འཐུན་པར་སྨྲ་