R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༩
[A:༡༩༩]ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཀླུའི་དབང་པོའི་འགྱུར། སླད་ཀྱི་པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲས་བསྒྱུར་བ། འཇམ་དཔལ་གྱི་དམོད་པ་གཙུགས་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱི་མཚན་ཞེས་བྱ་བའི་གཟུངས། འཇམ་དཔལ་གྱི་ཤེས་རབ་བློ་འཕེལ་གྱི་གཟུངས། འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པ་ཞེས་བྱ་བའི་གཟུངས་རྣམས་སོ།། ༈ །།གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྣམས་དང༌། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཀེའུ་ཤི་ཀ་ཞེས་བྱ་བ་གཉིས་ཏེ། དེ་གཉིས་ནི་ཡུམ་ཡིན་ནོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་མདོ་སྡེ་ལེའུ་སུམ་ཅུ་སོ་གཅིག་པ། མགོས་ཆོས་གྲུབ་ཀྱི་རྒྱ་དཔེ་ལས་བསྒྱུར་བ་འདི་ལ་དཀྱིལ་འཁོར་དྲུག་ཡོད་པར་གསལ་ལོ།། ༈ །།ཉ་པ་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉི་ཤུ་རྩ་དགུ་པ། པཎྜི་ཏ་ཛཱི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཞིང༌། སྐད་གསར་ཆད་ཀྱིས་ཀྱང་གཏན་ལ་ཕབ་པའོ། །འདི་ལའང་དཀྱིལ་འཁོར་དྲུག་ཏུ་གསལ་ལོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཅིག འདི་ལ་དཀྱིལ་འཁོར་གཉིས་སུ་གསལ་ལོ། །དེ་གསུམ་གླེང་གཞི་དང་བསྟུན་ན་དེ་བཞིན་གཤེགས་པར་ཡང་གསལ་མོད་ཀྱིས། གསེར་རྒྱལ་ཡུམ་གྱི་གཟུངས་ཡིན་ཅིང་དེའི་སྐབས་སུ་ཡུམ་གྱི་ཆོ་གར་གསུངས་པས་འདིར་ཡུམ་གྱིས་ཕྱོགས་སུ་བྱས་ཀྱི། གཞན་དུ་ཇི་ལྟར་རིག་པར་བྱའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་གཟུངས། སྟོང་ཆེན་མོ་ནས་ཕྱུང་བ་སྨན་ལ་སྔགས་ཀྱི་བཏབ་པ། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། རྨ་བྱའི་ཡང་སྙིང༌། རིགས་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲང་མ་ཞེས་བྱ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་