R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༨
[A:༡༩༨]གཟུངས། སཱུ་རཱུ་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་བསྒྲོལ་བའི་གཟུངས། ཁྱད་པར་ཅན་གྱི་གཟུངས་འདི་ལ། རྒྱ་གར་ན་སྦྲུལ་ལོ་ལ་སོགས་པའི་རྣམ་བཞག་མེད་པ་ལ།
སྟག་ལུང་དུ། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་མཾ་ག་ལ་ཤྲཱི་ཛྙཱ་ནའི་ཕྱག་བྲིས་ཀྱི་གཟུངས་འདུས་ཀྱི་རྒྱ་དཔེ་འདུག་པ་ན། ནཱ་ག་སྦྲུལ་ལོ་བརྵ་ཞེས་རྒྱུད་ཉིད་ཀྱི་གླེང་བཞིའི་རྒྱ་དཔེ་ན་སྣང་ཞིང་རྒྱ་དཔེ་ཚང་མ་འདུག་གོ
དེའི་རྣམ་བཞག་བྱས་པས། ཐེ་ཚོམ་གྱི་གཞི་གཅིག་ཏུ་སྣང་མོད་ཀྱི། རཏྣ་རཀྵི་ཏས་བྱས་ཟེར་བའི་གཟུངས་སྤྱིའི་ཆོ་ག་ཀུན་སྣང་གསལ་བ་ལས། འཇམ་དབྱངས་གཞོན་ནུས་གསུངས་པ་ཡི། །ཁྱད་པར་ཅན་གྱི་གཟུངས་ལ་བསྟོད། །ཅེས་བྱས་འདུག་གོ །གཉིས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་འཕགས་པ་འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་གྱི་རྩ་བའི་རྟོག་པ་སུམ་ཅུ་སོ་དྲུག་པ། པཎྜི་ཏ་གཞོན་ནུ་བུམ་པ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ལོ་ཙཱ་བ་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། བྲའོ་ལྷ་འབུམ། བྲའོ་ཆོས་ཚུལ། བྲའོ་མི་མཉམ་རྡོ་རྗེ། ཐང་སྟོན་ཡེ་ཤེས་རྡོ་རྗེ། ཞང་བྱང་ཆུབ་པ། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཞི་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། བརྒྱུད་པ་ནི། བ་རི་བ་ནས་ས་སྐྱ་པ་ལ་བརྒྱུད་ནས། ཡེ་པའི་བར་དང༌། ཡང༌། བིཀྵ་དེ་བ་དང༌། ཤཱཀྱ་ཤྲཱིཿ གློ་བོ་ལོ་ཙཱ་བ། འཕགས་པ། ཡེ་པ། ཀུན་སེང༌། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་བཞིན་ནོ། །འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་པཎྜི་