R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༠
[A:༢༠༠]ཤེས་སྡེས་བསྒྱུར་བ། རིག་སྔགས་ཀྱི་རྒྱལ་མོ་གསིལ་བའི་ཚལ་ཆེན་མོའི་མདོ། གསང་སྔགས་རྗེས་སུ་འཛིན་མ་ཞེས་བྱ་བའི་མདོ། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི། ཛྙཱ་ན་སིདྡྷི་དང༌། ཤཱཀྱ་པྲ་བྷ་བ་དང༌། ལོ་ཙཱ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང༌། སྐད་གསར་ཆད་ཀྱིས་གཏན་ལ་ཕབ་པ། བརྒྱུད་པ་ནི། བྷཱུ་མི་ཀཱིརྟི་དང༌། མར་པ། གཟེ་བ་བློ་བརྟན། ཇོ་བོད། དོན་གྲུབ་ཡེ་ཤེས་གཉིས་ཀ་ལ་ཁམས་པ་ཤཱཀྱ་རྡོ་རྗེས་ཞུས། དབུས་པ་སངས་རྒྱས་འབུམ། ལོ་མཆོག སྒྲ་ཚད་པ་རིན་རྒྱལ། ཆོས་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཨ་མོ་གྷས་ཕྱུང་བའི་རྟོག་པའི་རྒྱལ་པོ་དང༌། འོད་ཟེར་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་འོད་ཟེར་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ། མཆོག་ཏུ་སྙིང་པོར་གྱུར་པའི་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ལས་ཕྱུང་བ་འོད་ཟེར་ཅན་གྱི་རྟོག་པ་འདི་བྱ་བའི་རྒྱུད་མིན་པ་འདྲ་ཡང༌། འོད་ཟེར་ཅན་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་རོ། །རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། དེའི་མིང་དུ་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཞེས་བྱ་བ་གསུངས་པས། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་མོར་བྱས་སོ། །འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ་པའོ། །འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས། འགྱུར་གོང་བཞིན་ནོ། །འཕགས་པ་དུག་སེལ་ཞེས་བྱ་བའི་རིགས་སྔགས། འཕགས་པ་ཀླགས་པས་འགྲུབ་པ་སོར་མོ་ཅན་ཞེས་བྱ་བའི་གཟུངས། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། ཛི་