R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༥
[A:༡༩༥]ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་བ་ནས་ས་སྐྱ་པ་ཡབ་སྲས་ལ་བརྒྱུད་ཅིང༌། ཡང་བ་རི་བ་ནས་མཆིམས་པ་བཞི་ནི། བརྩོན་སེང༌། དོན་ནེ། ཆོས་སེང༌། བློ་གྲོས་བརྟན་པ། དབུས་པ་སངས་རྒྱས་འབུམ། ལོ་མཆོག བློ་ཆེན། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ། །དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཤླཽ་ཀ་བརྒྱད་བརྒྱ་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བའོ། །སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་སྔོན་གྱི་སྨོན་ལམ་བྱེད་པར་རྒྱས་པའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་ཞུས་ཏེ་སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ། གཉིས་ཀྱི་བརྒྱུད་པ། མདོའི་བརྒྱུད་རིམ་བཞིན་ནོ། །འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། སུ་རེནྟྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ་ལས། ཕྱིས་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །སྨན་ལ་སྔགས་ཀྱིས་བཏབ་པ་ནི། འདི་ཉིད་ཀྱི་སྨན་བླའི་སྙིང་པོ་ལོགས་སུ་ཕྱུང་བ་ཡིན་པས་རྒྱུད་ཐ་དད་དུ་མི་བགྲང་ངོ༌། །ནོར་བུ་ཟབ་མོ་རྒྱས་པའི་གཞལ་མེད་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལེའུ་བདུན་པ། པཎྜི་ཏ་བིརྻ་ཀ་ར་པྲ་བྷ་ཝ་དང༌། ལོ་ཙཱ་བ་དཔལ་གྱིས་ལྷུན་པོས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་རིང་སྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས། པཎྜི་ཏ་བིདྷྱ་ཀ་ར་པྲ་བྷ་ཝ་དང༌། ལོ་ཙཱ་བ་རྩངས་དེ་བནྡྷེ་རཀྵི་ཏས་