R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༤
[A:༡༩༤]ན། ཏེ་ཛོ་དེ་བ། ཟངས་དཀར་ལོ་ཙཱ་བ། གྲགས་སེང༌། སངས་རྒྱས་དོན་གྲུབ། དཔལ་ལྡན་སེང་གེ རྒྱལ་ཚ་ལུང་མངས་པ། ལོ་མཆོག བློ་ཆེན། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ་ལེའུ་ལྔ་པ། པཎྜི་ཏ་ཀུ་མཱ་ར་ཀརྨྨ་བཛྲ་དང༌། རྭ་བྱིང་ལོ་ཙཱ་བའི་འགྱུར། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལེའུ་ལྔ་པ། པཎྜི་ཏ་དཱི་པཾ་ཀཱ་ར་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ལ་དཀྱིལ་འཁོར་བཞི་ཡོད། བརྒྱུད་པ་ནི། སངས་རྒྱས་ནས། གཤེན་སྟོན་གྱི་བར་དྲག་པོ་གསུམ་འཇོམས་དང་འདྲ། དེ་ནས་དམར་ཆོས་རྒྱལ། དམར་ཐུབ་པ་ཤེས་རབ། མར་ཤེས་རབ་རྡོ་རྗེ། དམར་བརྩོན་འགྲུས་སེང་གེ དམར་ཤཱཀྱ་གྲུབ། སློབ་དཔོན་སྟོན་སེང༌། བླ་མ་ཀུན་དགའ་བསོད་ནམས། གན་པ་རིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ། ༈ །བཞི་པ་བྱ་བའི་རྒྱུད་ལ། རིགས་སོ་སོའི་རྒྱུད་དང༌། རིགས་ཐམས་ཅད་ཀྱི་སྤྱིའི་རྒྱུད་དང་གཉིས་ཀྱི་དང་པོ་ལ། དེ་བཞིན་གཤེགས་པ་དང༌། པད་མ་དང༌། རྡོ་རྗེ་དང༌། ནོར་ཅན་དང༌། ལྔ་རྩེན་དང༌། འཇིག་རྟེན་པའི་རིགས་དང་དྲུག་གི་དང་པོ་ལ། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་འཁོར་ལོས་བསྒྱུར་བ་དང༌། རིགས་ཀྱི་ཡུམ་དང༌། གཙུག་ཏོར་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་ཕོ་མོ་དང༌། དེ་བཞིན་གཤེགས་པའི་རིགས་སུ་བཏུ་བའི་བྱ་བ་དང༌། གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་དང༌། བརྒྱད་དུ་བཤད་པ་ལ་དང་པོ་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད། བིཀྵུ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་དང་གོང་གི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི་པ། ཨ་ཤྭོ་ཀ་