R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༦
[A:༡༩༦]བསྒྱུར་བ། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ནས་བཏུས་པའི་གཟུངས། འདིའི་རྒྱུད་ཚང་བ་གཅིག་བོད་དུ་འགྱུར་ཡོད་པར་འདུག བཙལ་བར་བྱའོ། །སངས་རྒྱས་བཅུ་གཉིས་པའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་ཆད་ཀྱིས་གཏན་ལ་ཕབ་པ། སངས་རྒྱས་བདུན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པའི་གཟུངས། སངས་རྒྱས་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཞིང་གཏན་ལ་ཕབ་པ། ཡང་དེ་དང་འགྱུར་འདྲ་མ་འདྲ་ལག་ལེན་གཅིག པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱའི་གཟུངས། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས། འཕགས་པ་རྟེན་ཅིང་འབྲེལ་པ་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས། དགེ་སློང་ནོར་བན་རཀྵི་ཏས་ཐོ་གར་གྱི་ཡུལ་ནས་རྙེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བ་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟུངས། སའི་སྙིང་པོའི་གཟུངས། འདི་དང་རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་ཅེས་བྱ་བ་གཉིས་འགྱུར་ཁྱད་མ་གཏོགས་པ་ཅིག་གོ །འཕགས་པ་གདོན་མི་ཟ་བའི་གཟུངས། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས། འདི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་ཡུམ་དུ་བཤད་མོད་ཀྱི། འགྲེལ་པར་ཐུབ་པས་གཙོ་བྱས་པའི་དཀྱིལ་འཁོར་བཤད་པས་དེ་བཞིན་གཤེགས་པའི་རྒྱུད་དུའང་མི་འགལ་བས། དེ་བཞིན་གཤེགས་པའི་རྒྱུད་དུའང་བྱས་སོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་