R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༠
[A:༡༩༠]རྡོར་ནས་གོང་བཞིན་ནོ། །འདི་དུམ་བུ་གཉིས་པའི་བཤད་རྒྱུད་རྡོ་རྗེའི་རིགས་གཙོ་བོར་སྟོན་པའོ།། ༈ །གསུམ་པ་དུམ་བུ་གཉིས་པའི་ངན་སོང་དགུག་ཅིང་སྡིག་པ་དྲལ་བ་ལ་འཕྲོས་པའི་རྒྱུད་དམ། ཆ་མཐུན་པའི་རྒྱུད། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་རྒྱལ་པོའི་རྟོག་པ། རྒྱ་གར་གྱི་མཁན་པོ་ཤཱནྟིཾ་གརྦྷ་དང༌། ལོ་ཙཱ་བནྡྷེ་ཨཱ་ཙཱརྻ་རཀྵི་ཏས་བསྒྱུར་བ། ཨཱ་ཙརྻ་རིན་ཆེན་མཆོག་གིས་སྐད་གསར་ཆད་ཀྱིས་ཀྱང་བཅོས་ཤིང་གཏན་ལ་ཕབ་པའོ། །འདི་ལ་དཀྱིལ་འཁོར་བཅུ་གཉིས་ཡོད་དོ། །འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའི་གཟུངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ། པཎྜི་ཏ་རེ་ཝེནྡྲ་དེ་བ་དང༌། མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ཆོས་རྗེ་དཔལ་གྱི་འགྱུར། འདི་ལ་དཀྱིལ་འཁོར་བཅུ་གཅིག་ཡོད་དོ། །བརྒྱུད་པ་དེ་ཉིད་འདུས་པ་བཞིན་ནོ། །རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། ཁ་ཆེ་པཎྜི་ཏ་ཛྙཱ་ན་བཛྲ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སྭསྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲ་ཛྙཱ་སིདྡྷི། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱངས། དྷརྨྨ་ཕ་ལ། རིན་ཆེན་བཟང་པོ། གུ་ཤྲཱི་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་སེང་གེ ཙསྐྱ་སྟོན་གྲགས། མཉམ་གད་པ་ཆེན་པོ། ཙསྐྱ་ཤཱཀ་འབུམ། དབུས་པ་སངས་རྒྱས་འབུམ། ལོ་མཆོག བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ། །འདི་དེ་ཉིད་བཅུའི་སྒོ་ནས་ཆོ་ག་བསྒྲུབ་པར་བཤད་པས། བྱ་བའི་རྒྱུད་དུ་བྱེད་པ་མི་འཐད་དེ། རྣལ་འབྱོར་རྒྱུད་ཀྱི་ཆོ་ག་ལས་འཕྲོས་པའོ།། ༈ །།ཆ་པ་