R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༡
[A:༡༩༡]ལ། གཉིས་པ་ལ་དེ་ཉིད་བསྡུས་པའི་ཆ་མཐུན་པའི་རྒྱུད། དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོ་རྟོག་པའི་རྒྱལ་པོ་ནི། དུམ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ། པཎྜི་ཏ་ཨཱ་ཙཱརྻ་ཤྲཱདྡྷ་ཀཱ་ར་ཝརྨྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དུམ་བུ་གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ། དུམ་བུ་དང་པོ་དང༌། གཉིས་པའི་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང༌། གསང་བ་རས་རིས་ཀྱི་ཆོ་ག་དང༌། ཕྱག་རྒྱའི་རྒྱུད། རྟོག་པ་ཐམས་ཅད་ཀྱི་རྒྱུད། ཕྱི་མའི་རྩ་བའི་རྟོག་པ་དང༌། རྟོག་པ་ཐམས་ཅད་བསྒྲུབ་པའི་ཆོ་ག་དང༌། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ་དང༌། རྟོག་པ་ཐམས་ཅད་བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག་དང༌། རྒྱུད་ཉེ་བར་བསྡུ་བ་དང་བཅས་པ་རྣམས། པཎྜི་ཏ་མཎྜ་ཀ་ལ་ཤ་དང༌། ལོ་ཙཱ་བ་ལྷ་བཙན་པོ་ཞི་བ་འོད་ཀྱིས་བསྒྱུར་བ། འདི་ལ་སློབ་དཔོན་ཀུན་སྙིང་གི་དཀྱིལ་འཁོར་བརྒྱད་ཅུ་རྩ་བཞིར་བཞེད། སློབ་དཔོན་པད་མ་བཛྲ་ཞབས་ཀྱི་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད་དུ་བཞེད་དོ། །བརྒྱུད་པ་ནི། ཙསྐྱ་ཤཱཀ་འབུམ་ཡན་ཆད་རྩ་རྒྱུད་དེ་ཉིད་འདུས་པ་དང་འདྲ། དེ་ནས་སངས་རྒྱས་འབུམ། ལོ་མཆོག བློ་ཆེན། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་མན་འདྲའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་འདི་ལ་དཀྱིལ་འཁོར་བཅོ་ལྔ། དེ་ལ་ཕྱེ་ན། ཉི་ཤུར་འགྱུར་བར་འགྲེལ་པས་བཤད་ཅིང༌། འདི་དཔལ་མཆོག་ཤེར་དུམ་དང་འདྲ་བར་འདུག་གོ །བརྒྱུད་པ་མདོའི་ཤེར་ཕྱིན་ཕྲན་རྣམས་ཀྱི་བརྒྱུད་པ་དང་མཐུན་ནོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་པཎྜི་ཏ་བདེ་བར་གཤེགས་པའི་དཔལ་དང༌། ཆོས་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་བའི་འཕྲོ། དཔངས་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བ་འདི་ལ་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་འདི་རྡོ་རྗེ་