R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༩
[A:༡༨༩]འབྱོར་སྐྱངས། དྷརྨྨ་ཕ་ལ། རིན་ཆེན་བཟང་པོ། གུ་ཤྲཱི་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་སེང་གེ རྩ་སྐྱ་སྟོན་གྲགས། མཉམ་སྐད་པ་ཆེན་པོ། ཙསྐྱ་ཤཱཀ་འབུམ། འཛིམས་པ། འཇམ་དབྱངས་པ། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ།། ༈ །གཉིས་པ་ནི། རྡོ་རྗེ་རྩེ་མོའི་རྒྱུད་རྟོག་པ་བཅུ་ལས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཡན་ཆད་རྫོགས་ནས། ཕྱི་རོལ་རྡོ་རྗེ་རིགས་ཀྱི་མཚན་རྒྱ་རྩས་གསོལ་བ་བཏབ་པ་ཡན་ཆོད། པཎྜི་ཏ་ཀརྨྨ་བཛྲ་དང༌། ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདི་ཡན་ཆད་ལ་དཀྱིལ་འཁོར་དངོས་སུ་གསུངས་པ་དགུ་ཡོད། འདིའི་འཕྲོ་ལ་ད་དུང་རྟོག་པ་ཕྱེད་དང་ལྔ་མ་ཚང་ངོ༌། །བརྒྱུད་པ་ནི། སངས་རྒྱས། བྱམས་པ། གཾ་ག་དྷ་ར། ས་མནྟ་བྷ་དྲ། ཁ་ཆེ་ཛྙཱ་ན་ཤྲཱིཿ གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་སེང་གེ གླན་ཆོས་འབྱུང༌། ཙསྐྱ་ཤཱཀ་འབུམ་མན་རྩ་རྒྱུད་དེ་ཉིད་བསྡུས་པ་དང་འདྲའོ། །ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། ཙསྐྱ་ཤཱཀ་འབུམ་ཡན་རྩ་རྒྱུད་དང་འདྲའོ། །དེ་ནས། སངས་རྒྱས་འབུམ། ལོ་མཆོག བློ་ཆེན། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །འདི་དུམ་བུ་དང་པོའི་བཤད་རྒྱུད་དེ་བཞིན་གཤེགས་པའི་རིགས་གཙོ་བོར་སྟོན་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ། རྩ་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ་འདི་ལ་དཀྱིལ་འཁོར་བཞི་བཅུ་ཞེ་དྲུག་ཡོད་དོ། །བརྒྱུད་པ་ནི། ཙསྐྱ་ཤཱཀ་འབུམ་ཡན་རྡོ་རྗེ་རྩེ་མོ་དང་འདྲ། དེ་ནས་བླ་མ་ཁྲི་བརྟན། གནུར་ཡེ་རྒྱལ། གནུར་ཆོས་རྒྱལ། བཀའ་བཅུ་པ། སྤྲུ་སྟོན། མཁན་ཆེན་ཤེས་