R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩བ
[A:༤༩བ]ཀྱིས་བསྐོར་བ་དང་། ཞལ་གཅིག་ཕྱག་གཉིས་པ་ལ་ལྷ་མོ་གཉིས་ཀྱིས་བསྐོར་བ། དེ་དག་གི་སྒྲུབ་ཚུལ་ལས་སྦྱོར་གྱི་རིམ་པ་སོགས་གསལ་བར་འབྱུང་ངོ་། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་ཉེར་ལྔ་པ་ལས། གཙོ་ཆེར་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་མང་དུ་བསྟན་ཅིང་། གཞན་ཡང་རྣམ་ཐོས་སྲས་ཕྱི་ནང་གསང་གསུམ་དང་། མགོན་པོ་བེང་དང་། ལྷ་མོ་ལ་སོགས་པའི་སྒྲུབ་ཚུལ། ཁྱད་པར་ལེའུ་བཅུ་པ་སྦྱིན་སྲེག་གི་ལེའུར་མགོན་པོ་འདི་ཉིད་ཕྱག་བཞི་པ་ཁྲོས་པའི་སྒྲུབ་ཚུལ་གསལ་བར་བསྟན་ཏོ། །དུར་ཁྲོད་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཉིས་པ་ལས། མགོན་པོ་འདི་ཉིད་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་མགོན་པོ་གཤིན་རྗེ་ལྟར་སྒྲུབ་པའི་སྒྲུབ་ཐབས་ལས་སྦྱོར་གསལ་བར་བསྟན་ཏོ། །གཞན་ཡང་སྟོན་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་ཚེ། ནག་པོ་ཆེན་པོས་རིགས་སྔགས་ཕུལ་བ་ནག་པོ་ཆེན་པོའི་གཟུངས་དང་། ནག་པོ་ཆེན་པོའི་གཟུངས་རིང་ནད་ལས་ཐར་བར་བྱེད་པ་ཞེས་བྱ་བ་རྣམས་ཀྱིས་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ནོ། །ལྷ་མོ་ནི་རྡོ་རྗེ་གདན་བཞིའི་རྒྱུད་རྒྱས་པའི་ལྷག་མའི་སྐབས་ནས་བསྟན་པར་བཤད། འོན་ཀྱང་ད་ལྟ་བོད་ན་བཞུགས་པའི་གདན་