R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠ན
[A:༥༠ན]བཞིའི་རྒྱུད་རྣམས་ཀྱི་དངོས་བསྟན་ལ་གསལ་བར་མ་བྱུང་མོད། བླ་མ་རྣམས་ཀྱི་གསུང་བགྲོས་ལ་བྱང་སྒོ་སྲུང་བའི་མ་མོ་འབར་བྱེད་མ་འདི་ཉིད་ཡིན་པར་བཤད་པས་དེས་བསྟན་པའམ། ཡང་ན་བོད་དུ་མ་འགྱུར་བའི་གདན་བཞིའི་རྒྱུད་རྒྱས་པ་ཞིག་ནས་བསྟན་པར་སྣང་ངོ་། །བྱ་རྒྱུད་རིག་པ་མཆོག་གི་རྒྱུད་ནས། ནམ་གྲུ་ནག་མོས་སེམས་ཅན་རྣམས་སྐྲག་ཅིང་འཚེ་བ་བྱེད་པའི་ཚེ། དྲང་སྲོང་རྣམས་ཀྱིས་བསྐུལ་ནས་དཔལ་ཕྱག་ན་རྡོ་རྗེས། ནམ་གྲུ་ཁྱོད་ཀྱི་ཆོ་འབྲངས་དང་། །མཚན་ཉིད་དག་ནི་བཤད་བྱ་བ། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་འཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ཡང་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེས་གཏམས། །མིང་པོ་མཛོད་དང་མཛོད་བསྲུང་བ། །ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། །ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས། །ལྷ་གནས་གསུམ་དུ་གྲགས་པ་