R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩ན
[A:༤༩ན]རོ། །ཞེས་པས་ལིང་ག་ལ་བསྟེན་པའི་ལས་སྦྱོར་དང་། ལས་སྦྱོར་དེ་ཉིད་འགྲུབ་པའི་དུས་དང་བཅས་པ་བསྟན་པ་ཡིན་ནོ། །རྒྱུད་འདི་ནི་མགོན་པོ་འདི་ཉིད་བསྟན་པའི་ཁུངས་ཀྱི་གཙོ་བོ་ཡིན་ཞིང་། རྒྱུད་ཚིག་འདི་དག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་སྟོན་ཚུལ་སོགས་སྦས་དོན་སྙན་བརྒྱུད་ཀྱི་བཤད་པ་ཐུན་མོང་མ་ཡིན་པ་ནི་བླ་མའི་ཞལ་ལས་ཤེས་པ་ཁོ་ནའོ། །གཞན་ཡང་ཞར་ལས་བྱུང་བ་ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་མགོན་པོ་སྔོན་བྱུང་དུ་གྲགས་པ་ལེའུ་ལྔ་བཅུ་པ་ལས། མགོན་པོ་འདི་ཉིད་ཞལ་བཞི་ཕྱག་བཅུ་དྲུག་ལ་ལྷ་བརྒྱད་ཀྱིས་བསྐོར་བ་དང་། ཞལ་བཞི་ཕྱག་བཅུ་གཉིས་པ་ལ་ལྷ་མོ་བཞིས་བསྐོར་བ་དང་། ཞལ་གསུམ་ཕྱག་བརྒྱད་པ་ལ་ལྷ་མོ་བཞིས་བསྐོར་བ་དང་། ཞལ་གསུམ་ཕྱག་དྲུག་པ་ལ་ལྷ་མོ་བཞིས་བསྐོར་བ་དང་། ཞལ་གཅིག་ཕྱག་བཞི་པ་ལ་ལྷ་མོ་གཉིས་