R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]བོའི་སྟེང་འདུག་ནས། །ཏིལ་ཙམ་དུ་ནི་གཅོད་པར་བྱེད། །ཅེས་པས་དེས་དེ་འདུལ་ཚུལ་བསྟན། མེ་ཏོག་སྤོས་དང་བྱུགས་པ་དང་། །ཞེས་པས་མཆོད་པ་བསྟན། ཆང་དང་ཤིས་བྱེད་སྲན་དྲེའུ། །ཤ་ལྔ་བདུད་རྩི་ལྔ་ཉིད་ཀྱིས། །གཏོར་མས་ནག་པོ་ཆེན་པོ་མཆོད། །ཅེས་པས་གཏོར་མ་བསྟན། ཨོཾ་མཧཱ་ཀ་ལ་ཡེ། ཤཱ་ས་ན། ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དྃ། རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙཱཾ། སྨ་ར་སི་ཏ་ད། ཨི་དཾ། དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷྲི་ཧྞ་གྷྲི་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། པ་ཙ་པ་ཙ། དི་ན་མཱེ་ཀེ་ན་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཅེས་པས་བཟླ་བྱའི་སྔགས་བསྟན། ཚ་བ་གསུམ་གྱི་གཟུགས་བརྙན་བྱས་པའི་ལུས་ལ། དུག་དང་སྐེ་ཚེས་ཆོ་ག་བཞིན་དུ་བྲིས་ལ། ཚེར་མས་བཀང་བའི་མེ་ལ་གང་གི་མིང་དང་བཅས་པ་བསྲོ་བར་བྱས་ནས། དེ་དེའི་མོད་ལ་མི་མཐོང་བར་འགྱུར་