R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]པ་མེད་ཀྱང་། གསོལ་བ་བཏབ་ན་འདོད་དགུ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བ་ལྟར། ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཉིད་ཀྱི་རྣམ་འཕྲུལ་གྲངས་ལས་འདས་པས། གདུལ་བྱ་ནམ་མཁའི་མཐའ་ཀླས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་གྱི་རིམ་པ་བསམ་གྱིས་མི་ཁྱབ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་དཔག་མེད་ཅིག་གསུངས་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ། ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་སྒྲུབ་པའི་སྒོ་གཅིག་པུ་ནི་བླ་མེད་རྡོ་རྗེ་ཐེག་པ་ཡིན་ཏེ། དཔལ་ཁ་སྦྱོར་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་ག་ཡིས། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་མེད་འགྱུར། །ཞེས་དང་། བྱེ་བྲག་ཏུ་རྩ་བའི་རྒྱུད་ལས། གཞན་པའི་སེམས་ཀྱི་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་གསུངས་པའི་