R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]ཤེས་ཀྱི་རྣམ་འཕྲུལ་བསྟན་སྲུང་རྒྱ་མཚོའི་དེད་དཔོན། རིག་པ་འཛིན་པའི་དམ་ཚིག་གི་གཉེར་ཁ་བ། མ་ག་དྷ་རྡོ་རྗེ་གདན་གྱི་སྒོ་སྐྱོང་ཆེན་པོ། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་ཡུན་དུ་བསྟེན་ཞིང་ཆེས་ཆེར་བསྔགས་པ་བརྗོད་པ། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་དམ་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་འཆད་པ་ལ་དོན་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་མན་ངག་གི་བྱུང་ཚུལ་བསྟན་པ། དེ་ལས་བྱུང་བའི་གདམས་པ་དངོས་བསྟན་པའོ། །དང་པོ་ལ་ཆོས་སྐྱོང་གི་ཆོས་སྐོར་སྤྱིར་བསྟན་པ། བྱེ་བྲག་ཏུ་ནག་པོ་ཆེན་པོ་འདིའི་ཆོས་སྐོར་བྱུང་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་བདག་འཛིན་བསམ་