R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]ཕྱིར། དེ་ལྟ་བུའི་ལམ་ཟབ་མོ་སྒྲུབ་པ་དང་། ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ལ་ཕྱི་རོལ་བདུད་ལ་སོགས་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བར་ཆད་བྱེད་པ་ཡིན་ཏེ། མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་གསུངས་པས། དེའི་བར་ཆད་བསྲུང་བ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར། ཆོས་སྐྱོང་སྲུང་མའི་ཆོས་སྐོར་རྣམས་གསུངས་པ་ཡིན་ཏེ། མགོན་པོ་ཁྲོས་པའི་རྒྱུད་ལས། གང་དུ་རྡོ་རྗེ་ཐེག་པ་ཡི། །གསང་བ་འདུས་པའི་ཡང་དག་ལས། །སངས་རྒྱས་བསྟན་པ་སྲུང་བྱེད་པ། །སྙིང་པོ་འབྲས་བུ་ལམ་བྱེད་པའི། །འདྲེན་པ་ཡེ་ཤེས་བསྟན་པ་བསྲུང་། །འདི་ཉིད་གསང་བའི་བསྒྲུབ་པ་གང་། །ཞེས་དང་། དེའི་ལན་དུ། ཤེས་རབ་སྙིང་རྗེ་ཟུང་འཇུག་པའི། །ཏིང་འཛིན་གང་དུ་བསྒོམ་གྱུར་པ། །བླ་མེད་དཀོན་མཆོག་བསྟན་པ་ལ། །རྒོལ་བ་ངན་པ་བཟློག་པར་མཛད། །ཐུབ་