R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༠ན
[A:༢༡༠ན] རྒྱུད་དྲི་མེད་ཀྱིས། །རྒྱུན་དུ་བསྐྱངས་ནས་དཔལ་ལྡན་ས་སྐྱ་ཡི། །ཆོས་སྲིད་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར། །གོང་འཕེལ་གྱུར་ཏེ་སྔགས་འཆང་ཡབ་སྲས་ཀྱི། །བསྟན་པའི་རྒྱུན་འདི་ནམ་ཡང་མི་ནུབ་ཅིང་། །བདག་དང་བདག་ལ་ཡིད་གཏད་སློབ་བུ་རྣམས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །བདེ་བ་ཅན་དུ་སྣང་བ་མཐའ་ཡས་ཀྱི། །དྲུང་དུ་སྐྱེས་ནས་ས་ལམ་མཐར་ཕྱིན་ཏེ། །སླར་ཡང་བསམ་བཞིན་སྲིད་པའི་ཟློས་གར་གྱི། །སྣ་ཚོགས་ཐབས་མཁས་དུ་མས་བསྟན་པ་དང་། །འགྲོ་བའི་དོན་མང་ཡིད་ལ་རེ་བ་བཞིན། །འགྲུབ་ནས་ཀུན་ཀྱང་དག་པའི་ཞིང་བསྒྲོད་ཤོག །བདག་ཅག་སོ་སྐྱེ་རང་སྟོབས་བྲལ་ཡང་བླ་མ་བསྟན་སྲུང་དབང་པོ་རྣམས། །དབྱེར་མེད་ཐུགས་རྗེའི་གཞན་སྟོབས་དབང་ལས་འདི་དང་ཕྱི་མའི་དོན་མཐའ་དག །ཡིད་ལ་བསམ་པ་ཇི་བཞིན་འགྲུབ་སྟེ་ས་སྐྱའི་རྗེ་བཙུན་བསྟན་པའི་རྒྱུན། །ཕྱོགས་དུས་ཀུན་ཏུ་མི་ནུབ་དར་བའི་མཐུ་དང་ནུས་པའི་སྟོབས་ལྡན་ཤོག །ངེས་པའི་