R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༩བ
[A:༢༠༩བ] རབས་གངས་རིའི་ལྗོངས་འདིར་དར་བའི་ཚུལ། །ལེགས་པར་བཤད་པའི་སྔོན་མེད་བསྟན་བཅོས་ཀྱི། །ཉི་མ་གསར་དུ་ཤར་བའི་དགེ་མཚན་འདིས། །བློ་གསལ་རྣམས་ཀྱིས་བསྟན་སྲུང་ཆོས་ཚུལ་ཀུན། །གསལ་བར་མཐོང་ཞིང་རྟོགས་པའི་རྒྱུར་གྱུར་ཏེ། །ས་སྐྱའི་བཀའ་སྲུང་མན་ངག་ཆུ་རྒྱུན་གྱིས། །རྒྱ་མཚོའི་གོས་ཅན་མ་ལུས་ཁྱབ་གྱུར་ནས། །དེ་དང་ལྷན་ཅིག་ཡོངས་རྫོགས་བསྟན་པའི་བདག །དཔལ་ལྡན་ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱི། །བཞེད་གཞུང་ཟབ་དང་རྒྱ་ཆེའི་བསྟན་པའི་རྒྱུན། །ཀུན་ཀྱང་འཕེལ་ཞིང་སྲིད་མཐར་རྒྱས་གྱུར་ཅིག །འདི་སྦྱར་དགེ་དང་དུས་གསུམ་ལེགས་བྱས་ཀྱི། །མཐུ་ལས་བྱུང་བའི་གཟི་བརྗིད་མེ་འོད་ཀྱིས། །བདག་ཅག་དཔོན་སློབ་གདུལ་བྱར་བཅས་པ་ཡི། །སྡིག་སྒྲིབ་ཉེས་ལྟུང་མུན་པ་ཀུན་བཅོམ་ནས། །དུས་འདིར་ཚེ་རིང་ནད་མེད་བསམ་དོན་རྣམས། །སྔར་བཞིན་འབད་མེད་ཡིད་བཞིན་ལྷུན་གྲུབ་སྟེ། །སྤྱི་དང་བྱེ་བྲག་བསྟན་པ་ཆེར་རྒྱས་ཤིང་། །དེ་རྒྱུན་བསྐལ་པར་རིགས་