R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༠བ
[A:༢༡༠བ] དོན་དུ་བདེན་པའི་དངོས་པོ་ཕྲ་རབ་རྡུལ་གྱིས་མ་གོས་ཀྱང་། །ཡེ་ཤེས་གསལ་སྣང་ཅིར་ཡང་འཆར་བ་གདོད་མ་ཉིད་ནས་འགག་མ་མྱོང་། །ཡོད་མ་མྱོང་བའི་དབྱིངས་དང་འབྲལ་མེད་བརྗོད་བྲལ་ཅིར་ཡང་མ་གྲུབ་པ། །ཟུང་འཇུག་གནས་ལུགས་མྱུར་དུ་རྟོགས་ནས་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཐུགས་སྲས་དམ་པ་གཅེན་འཇམ་མགོན་གྲུབ་པའི་དཔའ་བོ་པདྨའི་རྣམ་སྤྲུལ་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། དེའི་གཅུང་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་སྐུའི་སྐྱེ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཉིད་སླར་ཡང་བསམ་བཞིན་དུ་བྱོན་པ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་