R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༨ན
[A:༡༩༨ན] ཁ་སྐོང་གཅིག་དང་བརྒྱད་བཟླ་བར་གསུངས་པས། ལུགས་གཉིས་ཀ་འཁྲུལ་མེད་ཀྱི་ཕྱག་ལེན་རེ་རེ་ཡིན་ནོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། བསྙེན་པའི་སྐབས་སུ་ཡི་དམ་བསྙེན་པ་ནི། །མ་སོང་ནའང་བྱས་པས་ཆོག་ལགས་སམ། །ཆོག་ན་དེ་ཡི་གསལ་ཁ་ཚད་ལྡན་ཅི། །མི་ཆོག་ན་ནི་མགོན་པོ་ཡི་དམ་ལྟར། །བསྒྲུབ་པ་ཞེས་བྱ་བདག་བསྐྱེད་ལ་བརྟེན་པ། །འདི་ཡི་ཚིག་གི་ནུས་པ་འཆད་ཚུལ་དང་། །དོན་གྱི་དགོས་པ་གང་ཡིན་དེ་ལྟར་ན། །ཡི་དམ་ལ་ཡང་གོང་བསྙེན་བཞེད་ལགས་སམ། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ལ། གཉིས་པ་བསྒྲུབ་པ་ལ་གསུམ་སྟེ། ཕྱི་ནོར་བསྲུང་བ་གནོད་སྦྱིན་ཕོ་མོའི་ཚུལ་དུ་བསྒྲུབ་པ། ནང་བསད་པ་གཤིན་རྗེ་ཕོ་མོའི་ཚུལ་དུ་བསྒྲུབ་པ། གསང་བ་ལས་མཁན་ཕོ་མོའི་ཚུལ་དུ་བསྒྲུབ་པའོ། །