R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༧བ
[A:༡༩༧བ] ཁྱད་པར་རྗེས་གནང་གི་ཡི་གེ་ཕལ་ཆེར་ལས། རྗེས་གནང་གི་གཞི་ལུས་སྤྲུལ་པའི་སྐབས་སུ་སློབ་མ་མགོན་པོར་བསྐྱེད་པར་བཤད་པ་རྣམས་མ་མཐོང་བར་བབ་ཅོལ་དུ་སྨྲ་བར་ཟད་དོ། །རང་གིས་ཅུང་ཟད་ཤེས་ཤིང་རྒྱུས་ཡོད་ནས་སྨྲས་ན་འོས་ཡིན་མོད། རྒྱུས་མེད་ལ་མཆུའི་རྣམ་འགྱུར་མང་ན་རང་གི་དེ་ཉིད་སྟོན་པས་གཟབ་འཚལ་ལོ་ཞེས་ཀྱང་གདམས་སོ། །བསྙེན་པའི་གྲངས་ལ་རྗེ་བླ་མ་འགའ་ཞིག་གི་ཞལ་རྒྱུན་ལས། རབ་ཡི་གེ་བདུན་མ་ལ་འབུམ་ཕྲག་དྲུག་ཅུ་རེ་བཞི་བཟླ་དགོས་པར་གསུངས་ལ། དེའི་དགོངས་པ་ཡང་ཐ་མས་འབུམ་ཕྲག་བཅུ་དྲུག་བཟླ་དགོས་པས། འབྲིང་ལ་དེ་ཉིས་འགྱུར་བརྩིས་པས་འབུམ་ཕྲག་སོ་གཉིས། རབ་ལ་འབྲིང་གི་དེ་ཡང་ཉིས་འགྱུར་བརྩིས་པས་དྲུག་ཅུ་རེ་བཞིར་འགྱུར་བ་ཡིན་ནོ་ཞེས་བཞེད་ཅིང་། ཡང་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་ལས། རབ་འབུམ་ཕྲག་བརྒྱའམ་ལྔ་བཅུ། འབྲིང་ཉི་ཤུ་རྩ་གཅིག་གམ་བཅུ། ཐ་མ་བདུན་དང་