R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༨བ
[A:༡༩༨བ] དང་པོ་ལ་སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་སྟེ། ཕྱི་རྟེན་ཕྱི་རུ་བཅས་ཏེ་ཕྱིའི་ནོར་རྫས་དང་ཡོ་བྱད་བསྲུང་བ། ནང་རྟེན་ནང་དུ་བཅས་ཏེ་ལས་ཀྱི་དངོས་གྲུབ་སྒྲུབ་པ། གསང་རྟེན་གསང་བར་བཅས་ཏེ་གསང་བ་མཁའ་འགྲོའི་འཁུ་ལྡོག་སྤོང་བའོ། །བར་པ་འདི་ལ་གཉིས་ཏེ། བསྐྱེད་པ་རྟེན་གྱི་འཁོར་ལོ་ཡན་ལག་བཞི་དང་བཅས་པའི་བཅའ་ཐབས། བསད་པ་ལས་ཀྱི་འཁྲུལ་འཁོར་འབྲུབ་ཁུང་ལིངྒ་དང་བཅས་པའི་བཅའ་ཐབས་སོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ་དཀྱུས་ཀྱི་སྒྲུབ་པ་དང་། འཁུ་ལྡོག་སྤོང་བའོ། །དང་པོ་ལ་བརྒྱད། བདག་བསྐྱེད། མདུན་བསྐྱེད། མཆོད་བསྟོད། མཁྱེན་གསོལ། དགུག་འདྲེན། ཁ་སྦྱོར་དབྱེ་བ། བཅིངས་མནན། འཛབ་འདྲེན་པ་ལས་ལ་སྦྱར་བའོ། །ཁ་སྦྱོར་དབྱེ་བ་ལ་བརྒྱད་དེ། རང་བཞིན་གྱི་གནས་པའི་ཡེ་ཤེས་སེམས་པའི་ཁ་སྦྱོར་དབྱེ་བ། བསྒོམས་པའི་ཡེ་ཤེས་སེམས་དཔའི་ཁ་སྦྱོར་དབྱེ་བ། བླ་མའི་