R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༢ན
[A:༡༩༢ན] གཏོར་མ་ལ་བརྟེན་ནས་དགྲ་བསད་པ་ནི། གཏོར་མ་དགྲ་བགེགས་སུ་བསྐྱེད་ནས་བསད་ལས་བྱེད་པ་ཡིན་པ་ལ། དེ་མ་རྟོགས་པ་ཁ་ཅིག གཏོར་མ་ལྷར་བསྐྱེད་པ་ལ་འདིའི་ཉམས་ལེན་བྱེད་པ་ཡང་གད་མོའི་གནས་ཡིན་ནོ་སྙམ་དུ་ཐུགས་ལ་བཞག་ནས། དོན་གྱི་དབང་དེ་དག་ལ་དགོངས་ནས་རྗེ་ཉིད་ཀྱིས་མཛད་པའི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། གཏོར་བཟློག་ཅེས་བྱ་དིང་སང་རླུང་ལྟར་གྲགས། །འདི་ཉིད་ཚད་ལྡན་ཡི་གེ་གང་ལ་བརྟེན། །དེ་དང་མཐུན་པའི་ཕྱག་ལེན་ཡོད་ལགས་སམ། །ཁམས་ཀྱི་ཕྱོགས་ན་དགྲ་ཆོས་ཞེས་བྱ་དར། །དབུས་གཙང་ཕྱོགས་འདིར་དྲུག་ཅུ་པ་ལ་སོགས། །རྔམས་བརྗིད་སྤྲོས་པ་ཤིན་ཏུ་ཆེ་བར་སྣང་། །འདི་དག་རྣམས་ལ་ཁུངས་ཐུབ་ཇི་ལྟར་མཆིས། །ཤོག་རིལ་དྲུག་གི་ནང་ཚན་གཏོར་མ་འདི། །དགྲ་བགེགས་དག་ཏུ་བསྒྲུབ་པའི་བསད་ལས་ཡིན། །གཞན་དག་གཏོར་མ་ལྷ་རུ་བསྐྱེད་བཞིན་དུ། །འདི་ཡི་ཉམས་ལེན་དག་ཏུ་བཞེད་