R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༡བ
[A:༡༩༡བ] མགོན་པོའི་གཏོར་མས་བཟློག །ཅེས་འདོན་པ་བསྒྱུར་བར་གསུངས་ཤིང་། ཁྱད་པར་གྱི་བསྐུལ་རྣམས་ནི་སློབ་དཔོན་པདྨས་མཛད་པ་དང་། མཁས་པ་ཡོན་ཏན་ཁྲིས་མཛད་པ་རྣམས་ཡིན་པས། དེ་དག་གི་ཕྱག་ལེན་རྒྱས་པ་རྗེ་ཚར་པ་རང་གིས་བསྒྲིགས་པའི་རང་ལུགས་ཀྱི་དམར་ཆེན་གཏོར་བཟློག་འདི་ལ་ནི་འཁྲུལ་པ་མེད་ཅིང་། མིང་ཡང་དྲག་པོ་གཏོར་མའི་མན་ངག་ཅེས་འདོགས་པ་ཡིན་ལ། གཞན་དག་གི་གཏོར་བཟློག་ལ་ནི་ཁམས་ཀྱི་ཕྱོགས་ན་དགྲ་ཆོས་ཞེས་བྱ་བའི་གཏོར་བཟློག་གི་ལག་ལེན། དབུས་གཙང་འདི་ན་དྲུག་ཅུ་པ་ཞེས་པའི་མིང་འདོགས་པའི་ཕྱག་ལེན་རྣམས་ལ་ནི་ཁུངས་དགོས་ཏེ། དགྲ་ཆོས་ནི་བོན་ལ་གྲགས་པ་ཡིན་གྱིས། ལུགས་འདི་ལ་མེད་ཅིང་། དྲུག་ཅུ་པ་ནི་གཤིན་རྗེ་པ་རྣམས་ལ་གྲགས་པ་ཡིན་གྱིས། ལུགས་འདིའི་ཡི་གེ་གང་ན་ཡང་བཤད་པ་སྔར་ཚར་ཆེན་རང་གིས་མ་གཟིགས་པས། དེས་ན་ཁུངས་བཙལ་བར་བྱ་དགོས་པའི་གནས་ཡིན་ལ། ཤོལ་རིལ་དྲུག་པའི་ནང་ཚན་གྱི་