R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༢བ
[A:༡༩༢བ] པ་ཅི། །ཞེས་གསུངས་པ་ཡིན་ལ། དེ་ལྟ་བུའི་དྲི་བའི་ཚིག་དེ་དག་ལས། གཏོར་བཟློག་ཅེས་བྱ་དིང་སང་རླུང་ལྟར་གྲགས། །ཞེས་སོགས་ཚིག་རྐང་གསུམ་པོ་འདི་ནི་ས་སྐྱ་པའི་ཆོས་སྐྱོང་གི་ཆོས་བརྒྱུད་འཛིན་པའི་གཏོར་བཟློག་མཛད་པ་པོ་ཐམས་ཅད་ལ་དྲིས་པར་སྣང་བས། སོ་སོ་ནས་ལན་འདེབས་མཛད་པར་འོས་པ་ལས། བདག་ཁོ་ནས་འདིར་འབྲི་བར་མ་ནུས་ལ། དེ་བཞིན་དུ། ཁམས་ཀྱི་ཕྱོགས་ན་དགྲ་ཆོས་ཞེས་བྱ་དར། །ཞེས་པ་འདིའི་ལན་ཡང་བྱེད་པ་པོ་དག་གིས་སྨྲ་བར་རིགས་པས་ན། འདིར་ནི་མ་བྲིས་སོ། །དེས་ན་འདིར་ཆེད་དུ་བྱ་བ། འཛམ་གླིང་བསྟན་པའི་མངའ་བདག་ས་ལོ་འཇམ་པའི་རྡོ་རྗེ་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཡབ་སྲས་རྣམས་ཀྱི་རྗེས་སུ་ཞུགས་པར་ཁས་འཆེ་བ་ཁོ་བོ་ཅག་རྣམས་ཀྱིས་ནི་མགོན་པོའི་མན་ངག་དྲུག་ཅུ་པའི་ཕྱག་ལེན་འདི་ཉིད་ཚད་ལྡན་གྱི་ཡི་གེ་རྙིང་མའི་ཁུངས་དང་འབྲེལ་བ་ཞིག་ཅི་ནས་ཀྱང་བསྒྲུབ་དགོས་རྒྱུར་སྣང་ཡང་། རང་རེ་རྗེས་འཇུག་རྣམས་ཟ་