R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༡ན
[A:༡༩༡ན] ཆེན་མོ། ནག་པོ་མཆོད་རྟེན། གཞན་བསྐང་གསོ་ཆུང་ངུ་ཞིག་དང་གསུམ་ལ་དམ་པའི་བསྐང་གསོ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་མཛད་ནས་ཐེམ་ཡིག་སོགས་གཅེས་སྤྲས་ཆེ་བར་མཛད་དོ། །དིང་སང་ཕལ་ཆེར་ནི་ཆོས་དེ་སུས་བྱས་དང་། རང་གི་བརྒྱུད་པའི་ཕྱག་སྲོལ་ལ་གང་བྱེད་སོགས་རྟོག་དཔྱོད་ཅི་ཡང་མི་བྱེད་པར། བྱེད་མཁན་སུ་མང་དང་། ལག་ཏུ་དཔེ་ཆ་གང་བྱུང་དང་འཇིགས་རྔམས་གང་ཆེ་བ་ཞིག་ཉམས་སུ་ལེན་པར་སྣང་། བར་སྐབས་སུ་འཕྲོས་པའི་གཏམ་མོ། །གསུམ་པ་གཏོར་བཟློག་གི་རྣམ་གཞག་ལ་དོགས་པ་དཔྱད་པ་ནི། རྗེ་ཚར་ཆེན་གྱི་བཞེད་པས། སྤྱིར་སངས་རྒྱས་སྤྱན་ནས་བརྒྱུད་པའི་མདོས་ཀྱི་བསྐང་བཟློག་སོགས་ཡི་གེ་ཚད་ལྡན་ལ་བརྟེན་ནས་བླ་མའི་མན་ངག་གིས་བརྒྱན་ཏེ། བདག་ཆེན་རིན་པོ་ཆེས་མཛད་པའི་མདོས་ཀྱི་བསྐང་བཟློག་གི་ནང་དུ། དེ་ཡང་མགོན་པོའི་མདོས་ཀྱིས་བཟློག་ཅེས་པ་རྣམས། དེ་ཡང་