R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༧བ
[A:༡༧༧བ] སྔོན་རྡོ་རྗེ་འཆང་དང་བླ་མ་གོང་མ་རྣམས་ཀྱི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་། དམ་ཚིག་ཅན་སྐྱོང་བར་ཁས་བླངས་པས། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་དམ་རྫས་ཀྱིས་མཆོད་ཅིང་། བསྐུལ་བ་ན་སྔོན་གྱི་ཐུགས་བསྐྱེད་ཀྱི་དབང་གིས་འཕྲིན་ལས་རྣམས་འབད་མེད་དུ་བསྒྲུབ་པ་ཡིན་གྱི། གཞན་མ་དག་པ་ཤ་ཆང་ལ་སྲེད་པའི་རྟོགས་ཉམས་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་པས། སངས་རྒྱས་ལ་སེམས་ཅན་གྱི་རྒྱས་བཀབ་བྱེད་པ་རྒོད་བྲོ་བར་གདའ། དེས་ན་ཆོས་མ་ཡིན་པའི་བྱ་བ་ཐམས་ཅད་ལ་འཛེམ་མེད་དུ་ཞུགས་ཤིང་། གཏོར་ཆོག་གི་བཤར་སྦྱངས་ཙམ་རེ་བྱས་པའི་སྡུག་ཡུས་ཀྱིས་མིང་བསྟན་པ་དང་སེམས་ཅན་གྱི་དོན་དུ་བཏགས་ནས། རང་རེའི་ཉེ་དུའམ་ཁང་གཞིས་ཕྲ་མོ་ཙམ་རེའི་ཕྱིར་དུ་ཞེ་སྡང་ཆོས་བརྒྱད་དྲག་པོས་ཀུན་ནས་བསླངས་ཏེ་ཉམ་ཐག་པའི་ང་རོ་དང་བཅས་པས། ཤ་དང་ཟན་གྱི་རི་བོ། ཁྲག་དང་ཆང་གི་རྒྱ་མཚོ་བསྐྱིལ། སྟོང་གསུམ་