R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༧ན
[A:༡༧༧ན] ལྡན་བརྩོན་འགྲུས་ལྡན། །རྟག་ཏུ་བསྒྲུབ་ལ་དགའ་བ་ཡི། །ཞེས་གསུངས་པ་ལྟར། གཞི་དམ་ཚིག་དང་སྡོམ་པར་ལྡན་ཞིང་། བླ་མ་དང་ཆོས་སྐྱོང་གདམ་ངག་ལ་ཡིད་ཆེས་ཤིང་ཐེ་ཚོམ་གྱི་རྟོག་པ་ཅུང་ཟད་ཀྱང་མེད་པ། བཅོས་མ་མ་ཡིན་པ་སྙིང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲོག་ལྟར་གཅེས་པར་འཛིན་པ། བརྩོན་འགྲུས་དང་སྙིང་སྟོབས་མཆོག་ཏུ་གྱུར་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་མཐའ་དག་ཐོབ་ཅིང་། ཕྱི་ནང་གསང་བའི་མན་ངག་ལ་སྒྲོ་འདོགས་ལེགས་པར་ཆོད་པའི་གང་ཟག་ཅིག་གོ །དེ་ལྟར་ན་རྡོ་རྗེ་ཐེག་པ་ནས་བཤད་པའི་དམ་ཚིག་དང་སྡོམ་པ་མཐའ་དག་རྒྱབ་ཏུ་བསྐྱུར་ནས། བསྙེན་སྒྲུབ་མཐར་ཕྱིན་པར་མི་བྱེད་པ་གཏོར་ཚོགས་ཆེ་བ་ཙམ་དང་། དབྱངས་དང་རོལ་མོའི་འུར་ཆེམ་གྱིས་བསྟན་སྲུང་ཁོལ་དུ་འདོད་པ་རྣམས་ནི་བླུན་སྤྱོད་ཁོ་ན་སྟེ། སྲུང་མ་ཡེ་ཤེས་པ་འདི་རྣམས་ཀྱིས་ནི་གདུལ་བྱའི་སྣང་ངོར།