R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༨ན
[A:༡༧༨ན] རྔ་དང་བསེ་ཆལ་གྱིས་བཀང་སྟེ་བོས་ཀྱང་། འདི་དག་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པའི་ཕྱིར་ཐོགས་མེད་དུ་མཁྱེན་ནས་ཐུགས་ཀྱིས་གཏན་ནས་ཁྲེལ་བར་འགྱུར་ཞིང་། དམ་ཚིག་དང་སྡོམ་པར་མི་ལྡན་པས་མཆོད་གཏོར་ཕུལ་ཀྱང་མི་བཞེས་པར་བཤད་དོ། །འཇིག་རྟེན་པ་དག་གི་འབྱུང་བོ་མགོ་བསྐོར་བའི་ཕྱིར་གྱི་མཆོད་པ་དང་མི་འདྲ་བས་ལེགས་པར་བསམ་པ་གལ་ཆེའོ། །གསུམ་པ་ཉམས་སུ་བླང་པའི་གདམ་ངག་དངོས་ནི། རྡོ་རྗེ་གུར་ལས། སློབ་དཔོན་ལ་རྟག་སྡང་བ་དང་། །དཀོན་མཆོག་གསུམ་ལ་འཁྲུག་ལྡན་དང་། །སེམས་ཅན་དུ་མ་གསོད་པ་རྣམས། །རང་གི་ཡན་ལག་ཤ་བཅད་དེ། །ནག་པོ་ཆེན་པོས་ཟ་བར་འགྱུར། །ཞེས་དང་། སྒྲུབ་ཐབས་ཀྱི་རྒྱ་གཞུང་ལས། སློབ་དཔོན་ལ་སྨོད་བསྟན་ལ་སྡང་། །དམ་ཚིག་ལ་འཆལ་མཚམས་མེད་བྱེད། །དེ་རྣམས་བསྒྲལ་བར་བྱ་བ་ཡིན། །གཞན་དུ་དམ་ཚིག་ཉམས་པར་