R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༦བ
[A:༡༧༦བ] གང་ཟག ཉམས་སུ་བླང་པའི་གདམས་པ་དངོས། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། བསོད་སྙོམས་པས་མཛད་པའི་སྒྲུབ་ཐབས་སུ། ཡིད་དང་མཐུན་པའི་གནས་སུ། ཞེས་དང་། དྲེགས་པ་ཟིལ་གནོན་དུ། དབེན་པའི་གནས་སུ་བཅའ་གཞི་བྱས་ལ་ཞེས་དང་། སྲོག་གི་སྤུ་གྲིར། གནས་ནི་དུར་ཁྲོད་ལ་སོགས་སུ། །ཞེས་དང་། བྲམ་ཟེ་ཆེན་པོས་ལྷ་མོའི་གཞུང་དུ། གནས་ནི་དུར་ཁྲོད་དམ། ཤིང་དྲུང་ངམ། གཅོང་རོང་ངམ། ཁང་སྟོང་ངམ། དབེན་པའི་གནས་སུ་ཕྱིན་ལ་ཞེས་སོགས་གསུངས་ཤིང་། མདོར་ན་སྒྲུབ་ཁང་ལ་སོགས་པ་དབེན་ཞིང་ཡིད་དང་མཐུན་པ། ཁྱད་པར་དམ་ཉམས་དང་གྲིབ་ཅན་གནས་པའི་ས་མ་ཡིན་པ་ཞིག་གལ་ཆེའོ། །གཉིས་པ་གང་གིས་ཉམས་སུ་ལེན་པའི་གང་ཟག་ནི། བྲམ་ཟེ་ཆེན་པོས། བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞི། །སེམས་ཅན་དོན་