R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠ན
[A:༡༤༠ན]ནུས་ལ། སླར་རྗེ་ཉིད་ཀྱི་དགོངས་པ་བཀྲོལ་ནས་རྣམ་ཐར་རྒྱས་པ་སྤེལ་བའི་ཚེ་རིམ་གྱིས་གསལ་བར་བྱེད་པ་ཤ་ཆགས་པ་ལགས་སོ། །འདིར་སྨྲས་པ། འགྲོ་བ་ཀུན་ལ་དགའ་བཞིའི་ལམ་བསྟན་ནས། །སྙིང་པོའི་འབྲས་བུ་སྟེར་མཛད་བླ་ཆེན་དང་། །བསོད་ནམས་ཡེ་ཤེས་རྩེ་མོ་མཐར་སོན་ཞབས། །རབ་སྙན་གྲགས་པའི་རྒྱལ་མཚན་འཛིན་རྣམས་བསྔགས། །ལྔ་རིག་མཁས་པའི་གཙུག་རྒྱན་པཎ་ཆེན་དང་། །བྱང་ཕྱོགས་ཆོས་སྲིད་བདག་པོ་འཕགས་པའི་མཚན། །དེ་དག་དབོན་དང་ཆོས་རྒྱུད་འཛིན་པ་ཡི། །སྐྱེས་མཆོག་རྣམས་ལ་སུ་ཞིག་དད་མི་བྱེད། །ཁྱད་པར་དུས་ངན་སྙིགས་མའི་མཐར་ཐུག་འདིར། །བསྟན་པའི་མེ་རོ་གསོ་ལ་བསམ་བཞིན་དུ། །བྱོན་པའི་སྔགས་འཆང་ཆོས་རྗེ་ཡབ་སྲས་ཀྱི། །བཀའ་དྲིན་བསམས་ན་ལན་བརྒྱར་ཕྱག་བྱར་འོས། །དེ་ལྟར་ཐུབ་དབང་རྒྱལ་ཚབ་ས་སྐྱ་པའི། །ཆོས་ཀྱི་རྒྱུད་པ་འཛིན་པའི་སློབ་མ་