R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠བ
[A:༡༤༠བ]རུ། །མ་གྱུར་གངས་རིའི་ཁྲོད་འདིར་བསྟན་འཛིན་དུ། །ཞལ་གྱིས་འཆེས་པའི་གང་ཟག་གཅིག་ཡོད་མིན། །དེ་ཡང་དྭགས་པོ་བཀའ་བརྒྱུད་པར་གྲགས་པའི། །བསྟན་འཛིན་གཙོ་བོ་ཁམས་པ་མི་གསུམ་གྱི། །ནང་ཚན་ཕག་མོ་གྲུབ་པའམ་མཐའ་ཙ་པ། །ཁམས་པ་རྡོར་རྒྱལ་ཞེས་པའི་མཚན་གསུམ་དང་། །ལྡན་པ་དེ་ཡིས་ས་སྐྱའི་བླ་ཆེན་ཞབས། །བཅུ་གཉིས་ལོར་བསྟེན་གདམས་པ་ཕལ་ཆེར་གསན། །སླར་ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ། །གཏུགས་ནས་གསུང་གི་བདུད་རྩི་མང་གསོལ་བས། །ས་སྐྱའི་རྒྱུད་འཛིན་སློབ་མ་གྲགས་པ་ཅན། །ཡིན་ཞིང་དེ་ཡི་སློབ་བརྒྱུད་གླིང་རས་ནས། །བརྒྱུད་དེ་གཙང་པ་རྒྱ་རས་ཞེས་བྱ་བས། །འབྲུག་ཏུ་དགོན་པ་བཏབ་པས་དེང་སང་དུས། །འབྲུག་པ་ཞེས་པའི་བཀའ་སྲོལ་ཆེན་པོ་ཞིག །བྱུང་བ་འདི་ཀུན་ས་སྐྱའི་སློབ་རྒྱུད་དུ། །གཏོགས་ཤིང་གཞན་ཡང་ཕག་གྲུའི་ཉེ་གནས་ཆེ། །ག་ཟི་རིན་ཆེན་དཔལ་གྱིས་སྟག་ལུང་ཐང་། །བཏབ་པ་ནས་བཟུང་འདི་པའི་སྲོལ་