R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩བ
[A:༡༣༩བ]མཚར་དུ་མ་བྱུང་འདུག་ཅིང་། དེར་མ་ཟད་རྗེ་བླ་མ་འདི་བྱང་ཆུབ་སྙིང་པོ་བརྙེས་ཀྱི་བར་དུ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་ན་བཞུགས་པའི་དཔལ་ལྡན་གྲགས་པའི་ཞབས་ཀྱིས་སྐད་ཅིག་ཀྱང་འབྲལ་བ་མེད་པར་ཐུགས་རྗེའི་ལྕགས་ཀྱུས་འཛིན་པར་མཛད་པའི་གཏན་ཚིགས་ཡང་དག་པ་ཞིག་ཁོ་བོས་རྟོགས་མོད་ཀྱིས། འདིར་ནི་དེ་ཙམ་མོ། །མདོར་ན་ཡོངས་འཛིན་དམ་པ་འདི་ཉིད་ལ་གདུལ་བྱའི་སྣང་ངོ་ཙམ་དུ་བསྟན་པ་ལ་ཡང་། ལུང་རྟོགས་ཀྱི་ཡོན་ཏན་གཞལ་དུ་མེད་པ་ཞིག་མངའ་བར་ཡིད་ཆེས་མོད་ཀྱང་། རྗེ་ཉིད་ཡོན་ཏན་སྦ་བ་ལ་གཙོ་བོར་མཛད་པས་ཐུགས་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་པ་སྐད་མཛད་ཅིང་ཐུགས་སྒམ་པས་ཐུགས་དམ་གསལ་ལྟས་སོགས་ཇི་ལྟར་བྱུང་སུས་ཀྱང་ཞུ་མི་ནུས་ཤིང་། ཞུས་ཀྱང་གསལ་པོ་མི་གསུངས་ལ། ཅུང་ཟད་ཐོར་བུ་གསུངས་པ་རྣམས་ལ་ཡང་གཞན་ལ་མི་འཆད་པའི་དམ་དོག་ཆེན་པོ་མཛད་པ་ཞིག་འདུག་པས་འདིར་ཞིབ་ཏུ་འབྲི་བར་མ་