R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢ན
[A:༡༣༢ན]དུ་འབྲལ་མེད་དུ་གཟིགས་པ་བྱུང་ཞེས་རྗེ་ཉིད་ཀྱི་གསུང་ལས་དངོས་སུ་ཐོས་པས་མཚོན་ཏེ་ཤེས་ལ། གཞན་ཡང་རྗེ་འདི་ལ་གཉན་མགོན་ཆེན་པོ་ཤིན་ཏུ་འཆེས་པའི་མཚན་མ་འགའ་ཞིག་ཁོ་བོ་ལ་ཡང་ཤར་མོད་ཀྱིས་འདིར་མ་སྤྲོས་སོ། །ཡང་སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའི་མཚན་ཅན་ལ་ཡང་བཀའ་སྲུང་རྣམས་ཀྱིས་ཞལ་བསྟན་ཅིང་འཕྲིན་ལས་བསྒྲུབས་པའི་ཚུལ་ནི། རྗེ་ཉིད་གདན་ས་ཆེན་པོར་ཐོག་མར་ཕེབས་དུས། བདག་ཅག་གིས་ཆོས་སྐྱོང་གི་ཆོས་སྐོར་རྣམས་གསོལ་བ་བཏབ་པའི་ཚེ། དེའི་ནུབ་མོ་མནལ་ལམ་གྱི་ཚུལ་དུ་སྤྲིན་ནག་རབ་ཏུ་འཁྲུགས་པའི་དབུས་སུ་གུར་གྱི་མགོན་པོ་ལྷ་བརྒྱད་ཡོངས་རྫོགས་སྤྲུལ་པའི་ཕོ་ཉ་རྣམས་དང་བཅས་པ་ཡང་ཡང་དུ་གཟིགས་པ་ཞིག་བྱུང་བས། ནངས་པར་ཉིད་ཀྱི་གསུང་ལས། ངེད་ལ་རྨི་ལམ་འདི་བཞིན་བྱུང་བས་གསེར་ཁ་བདག་པོའི་དཔེར་འདུག་པ་བཞིན། ད་ལམ་མགོན་པོའི་ཆོས་སྐོར་རྣམས་ཅིས་ཀྱང་