R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡ན
[A:༡༣༡ན]མ་གཏོགས། གཞན་སྨོན་ལམ་ལོག་པ་སོགས་ཀྱི་མཚམས་སྦྱོར་ལས་བྱུང་བའི་འབྱུང་པོ་རྣམས་ནི་སྟོབས་ཇི་ལྟར་ཆེ་ཡང་རང་རང་གི་འཕེན་བྱེད་རྫོགས་བྱེད་ཀྱི་ལས་ཇི་ཙམ་ཡོད་པ་དེ་རྫོགས་པ་དང་། རྐྱེན་དགེ་བའི་བཤེས་གཉེན་སོགས་ཀྱི་བྱིན་རླབས་ལ་བརྟེན་ཚེ་འཕོས་ཏེ་མཐོ་རིས་ཀྱི་ལུས་རྟེན་སོགས་སུ་སྐྱེ་བ་ཆོས་ཉིད་ཡིན་པས། དེས་ན་ཇོ་བོ་ཤར་པར་གྲགས་པ་དེ་ཡང་། རྗེ་འདིའི་བྱིན་རླབས་དང་ལས་འབྲེལ་སྨོན་ལམ་གྱི་དབང་ཞིག་གིས་སྐབས་དེར་ཚེ་འཕོས་པར་སེམས་ལ། ཅི་སྟེ་དེར་སྐབས་ཀྱི་འབྱུང་པོ་དེ་དངོས་མ་ཡིན་ཡང་། དེའི་འཁོར་དུ་གཏོགས་པའི་གདུག་པ་ཅན་འཇིག་རྟེན་མ་རུངས་པར་བྱེད་པའི་སྟོབས་ལྡན་གྱི་འབྱུང་པོ་ཞིག་ཡིན་པར་གདོན་མི་ཟ་བས། གང་ལྟར་ཤིན་ཏུ་ངོ་མཚར་བའི་གནས་སུ་ཤེས་པར་བྱ་ཞིང་། དོན་དུ་ན་བདག་ཅག་གི་ཡོངས་འཛིན་རྗེ་བཙུན་མུས་པ་ཆེན་པོ་འདི་ནི། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྤྱི་གཟུགས་དམ་པ་འཁོར་འདས་བརྟན་གཡོ་ཀུན་གྱི་བདག་པོར་གདོད་མ་