R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༠བ
[A:༡༣༠བ]བྱས་འདྲེར་སྐྱེས་ཏེ་ཇོ་བོ་ཤར་པར་གྲགས་ལ། དེ་ནས་རྒྱལ་རྩེ་པའི་སྡེ་པའི་གདུང་རབས་རྣམས་བཅད་རྗེས། ས་སྐྱར་འཕོས་ནས་ཡོང་པ་ཡིན་པས། ད་རང་རེ་གཉིས་ཁ་དན་བྱེད་པས། ངེད་ལ་འདིར་སྡོད་གནས་ཤིག་བཟོས་རྟེན་གསོལ་གྱིས་ཤིག ཁྱོད་ཀྱི་མི་རྒྱུད་ལ་ངས་ཕན་ཆེན་པོ་ཡོང་ཟེར་ཡལ་སོང་བས། ཁོང་གིས་དེ་བཞིན་བྱས་པས་ཁོང་རང་མི་རྒྱུད་མི་ནོར་དང་བཅས་པ་ལ་ཕན་ཐོགས་ཆེན་པོ་བྱུང་བར་གྲགས་སོ། །དུས་ཕྱིས་རྗེའི་གསུང་གིས། ངའི་བསམ་པ་ལ་གདན་ས་ཆེན་པོར་ནད་པ་མ་བུ་ལ་བྱིན་རླབས་བྱས་དུས། ནད་པ་དེ་དྲན་མེད་ལ་བརྒྱལ་དུས་དེར་ས་སྐྱ་པའི་ཆོས་སྐྱོང་རྣམས་ཀྱི་མཐུ་རྩལ་དང་བྱིན་རླབས་ལ་བརྟེན་འདྲེ་དེ་ཚེའི་དུས་བྱས་འདུག་པ་སྙིང་རེ་རྗེ་བསམ་སྨོན་ལམ་གང་ཡོང་རང་བྱས་ཞེས་གསུངས་སོ། །འདི་ལྟ་བུའི་རྣམ་ཐར་ལ་སོ་སྐྱེ་དག་ཡིད་གཉིས་སྐྱེ་བར་སྲིད་ཀྱང་། དེ་ལྟར་དགོས་པ་མ་ཡིན་ཏེ། དེ་ཡང་བསམ་ཡས་ཆོས་སྐྱོང་ཆེན་པོ་སོགས་ངོ་བོ་སར་གནས་ཡིན་ཀྱང་། རྣམ་པ་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བ་རྣམས་