R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣བ
[A:༣༣བ]གྲི་ཤ གྲི་ཁྲག ནལ་བུའི་ཐོད་པ་དང་ཤ་ཚིལ། ནལ་བུའི་པགས་པའི་རྒྱལ་མཚན། སེང་གེའི་རྒྱལ་མཚན་ཞེས་བྱ་བ་ཁྱི་དཀར་པོའི་གསོབ་རྣམས་དགོས་པའི་རྒྱུ་མཚན་ཡང་དེ་དག་གིས་ཤེས་སོ། །དེ་ནས་ཇོ་མོ་བོང་བུ་ལ་བཞོན། ཁོལ་མོས་སྣ་ཁྲིད་དེ་རྒྱ་མཚོའི་ཁར་ཕྱིན་པས། དེ་ན་བྱ་དེ་མོ་བདུན་ཁྲུས་བྱེད་པ་དང་འཕྲད་པ་ལས། དེ་མོ་ནག་མོ་གཅིག་ལག་ཏུ་ཐོགས་ནས་རྒྱ་མཚོའི་ཁར་ཕྱིན། དེར་གཤིན་རྗེ་རླུང་གི་འཁོར་ལོ་ཅན་བསྒྲུབས་པས་ཞག་བདུན་སོང་བ་ན་རླུང་འཚུབ་ནག་པོ་གཅིག་མདུན་དུ་གྲུབ་བོ། །དེར་ལྷ་མོ་དཔོན་གཡོག་གིས་སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་ཐམས་ཅད་དཔང་དུ་བོས་ནས་སྨོན་ལམ་འདི་ལྟར་བཏབ་བོ། །ང་ཡང་ཚེ་འདི་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ཅིང་རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་ཅིག བདག་གི་བྲན་མོ་ཕུར་པ་ལྷ་འདི་ཡང་འབངས་ཀ་མ་ལར་ཤོག་ཅིག བྱ་དེ་