R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤ན
[A:༣༤ན]མོ་འདི་ཡང་དུས་ཐམས་ཅད་དུ་ངའི་ནོར་བཀལ་དུ་ཤོག་ཅིག ནོར་བུ་མི་མགོ་ལ་ལོངས་སྤྱོད་པར་ཤོག བོང་བུ་ཞོན་པར་ཤོག ལག་ཆར་རལ་གྲི་ཐོགས་པར་ཤོག་ཅིག ཅེས་སྨྲས་ནས་རྒྱ་མཚོའི་མཐའ་བསྐོར་ཞིང་རླུང་འཚུབ་མ་ལ་ཝ་ཡ་ཝེ། ཝ་ཡ་ཝེ་ཞེས་བོས་ཙམ་ནས་རླུང་འཚུབ་ནག་པོ་དེ་བྱུང་ནས། ལྷ་མོ་དཔོན་གཡོག་གཉིས། བོང་བུ་དེ་མོ་ནག་མོ་དང་བཅས་པ་མཚོ་ནང་དུ་བསྐྱུར་ཏེ་བཏང་ངོ་། །དེ་ནས་ལྷ་མོ་དུང་སྐྱོང་མ་དེ་ཉིད་མི་ཤ་དང་ནལ་བུ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས་རྒྱ་མཚོའི་འགྲམ་དུར་ཁྲོད་ཆེན་པོའི་རོའི་ཚལ་ཞེས་བྱ་བར་གཤིན་རྗེ་ལྷག་པའི་མཐུ་ཆེན་གྱི་བུ་མོར་སྐྱེས་ཏེ། དེ་ཡང་གནོད་སྦྱིན་མ་ཆེན་མོ་ཁ་དོག་མཐིང་ནག་རབ་ཏུ་འཇིགས་པ། མིག་དམར་བ། མཆེ་བ་ཟངས་ཡག་ལ། རལ་པ་རིང་ཟ་པད་དུ་འདུག་པ་གཅིག་ཏུ་གྱུར་ཏེ། དེས་གཤིན་རྗེ་མ་རུ་རྩེ་དང་སྦྱོར་བ་བྱས་པ་ལས་