R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣ན
[A:༣༣ན]བརྐུས་ནས་ནེའུ་ལེའི་རྐྱལ་པར་སྦས་ཏེ་ལག་པ་གཡོན་དུ་ཐོགས་ནས་བྲོས། རྗེས་ནས་སྲིན་པོའི་དམག་བྱུང་དོགས་ནས། བོང་བུ་བསྐྱོད་ཅིང་ཁ་ཕྱིར་བལྟས་ནས་སྲིན་པོའི་དམག་བྱུང་དོགས་བྱ་ར་བྱེད་ཅིང་ཕྱིན་ནོ། །རྒྱུ་མཚན་དེས་ན་ད་ལྟ་ལྷ་མོའི་སྐུ་བྲི་བའི་ཚེ། ཞལ་ཕྱིར་ཕྱོགས་སུ་འབྲི་བ་དེ་ལྟར་ཡིན་ནོ། །དེར་དཔོན་གཡོག་གཉིས་ཀྱིས་དུར་ཁྲོད་གཅིག་ཏུ་ཕྱིན་པས་སྐྱེས་པ་གཡུལ་དུ་བསད་པའི་རོ་གཅིག་དང་འཕྲད་ནས། ཤ་དེ་བསྲེགས་ཏེ་ཟ་འདོད་པ་ལ་མེ་མེད་ནས། རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབས་ནས་མེ་འབར་བ་མཐོང་སྟེ། རྡོ་སོལ་གྱི་མེ་བླངས་ནས་དེ་ལ་ཤ་བསྲེགས་ནས་ཟོས་སོ། །ཕྱིས་ནས་ཁྱི་དཀར་པོ་གཅིག་རྗེས་སུ་འབྲངས་པ་ཡང་བཤས་ནས་ཟོས། ལྤགས་པ་ལ་རྒྱལ་མཚན་བྱས། ཁོལ་མོ་ལ་ནལ་བུ་སྐྱེས་པ་ཡང་ཟོས། ལྤགས་པ་ལ་རྒྱལ་མཚན་བྱས་སོ། །དེས་ན་དིང་སང་དམ་རྫས་ཀྱི་གཙོ་བོ་