R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧བ
[A:༡༢༧བ]ཡབ་སྲས་སོགས་སྐྱེས་བུ་དམ་པ་འགའ་ཞིག་ལ་བྱུང་བར་གྲགས་ཀྱི། གཞན་ཚེ་གང་དྲག་སྔགས་ཁོ་ན་འདྲེན་པ་ལ་ནན་ཏན་དུ་བྱས་པའི་མཐུ་རྩལ་ཆེན་པོར་རློམ་ཞིང་གྲགས་པ་ཕལ་ཆེར་ལ་འདི་ལྟ་བུ་བྱུང་བ་མཐོང་བའམ་ཐོས་པ་མེད། ཡང་སྔ་གོང་གི་དུས་ཤིག་རྗེ་ཉིད་ཀྱིས། འཇམ་དབྱངས་དཀོན་མཆོག་རྒྱ་མཚོའི་བཀའ་བཞིན་ཐུབ་བསྟན་དུ་རྗེ་བྱམས་པ་རབ་བརྟན་པའི་དྲུང་དུ་མགོན་པོའི་ཆོས་སྐོར་རྣམས་གསན་པར་ཕེབས་དུས་བར་ལམ་ཀུན་ལ་ཆོས་སྐྱོང་གི་སྤྲུལ་པ་བྱ་ནག་གཉིས་ཀྱིས་སྐྱེལ་བསུ་ཁོ་ན་བྱེད་པ་ཡང་བྱུང་ཞེས་ཐོས་ལ། ཡང་དུས་དེར་ཆོམ་པོ་འགའ་ཞིག་རྗེ་དཔོན་སློབ་རྣམས་བསྒུགས་སྡོད་བྱས་པ་མཁྱེན་ནས། རྗེ་འདི་ཆོས་སྐྱོང་ལ་གཏོར་འབུལ་འཕྲིན་བཅོལ་མཛད་ནས་བྱོན་པས། ཆོམ་པོ་རྣམས་གྲོག་གཏིང་དུ་བཟའ་བཏུང་བྱ་བའི་བར་ལ་རྗེ་དཔོན་སློབ་རྣམས་ཉེས་མེད་དུ་ཕེབས་པས་ཕྱིས་རྗེའི་གསུང་གིས། ངེད་ལའང་གཏོར་འབུལ་ཙམ་བྱས་པས། ཆོམ་པོའི་འཇིགས་པ་ལས་དངོས་སུ་