R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧ན
[A:༡༢༧ན]བྱུང་བ་ན་དེ་མཚམས་བླ་བྲངས་ཀྱི་ཚོམ་གྱི་མཐོང་གར་བྱ་རོག་གཅིག་བབས་བྱུང་བ་ལ། ཁྱོད་ཀྱང་ཆོས་སྐྱོང་གི་སྤྲུལ་པ་ཞིག་ཡིན་ཡོང་། རྐུན་མ་ངན་པའི་རྗེས་ལ་རྒྱུགས་ཤིག་ཅེས་གསུང་གིན་འདུག་ཅེས་ཐོས་ལ། དེ་འཕྲལ་རྗེ་དབོན་ཞབས་དྲུང་ན་གནས་པ་རྣམས་ཀྱིས་རྟ་བཟང་པོ་དང་བཅས་ཕྱོགས་བཞིར་ཁ་བཀྲམ་ནས་བཙལ་བས་རྐུན་མ་དེ་རྟ་མོ་ཤར་གྱི་གྲོག་ཕུག་ཏུ་སླེབས་པ་ན། ཁོ་རང་གི་བསམ་པ་ལ་ད་ང་དོ་ནུབ་མཚན་འགྲོས་བྱས་ཐག་རིང་པོ་ཞིག་ཏུ་སླེབ་པ་འགྲོ་སྙམ་པའི་ཚེ། གློ་བུར་དུ་བྱ་རོག་གཅིག་བྱུང་ནས་ཕྱོགས་གང་ལ་ཕྱིན་ཀྱང་གཤོག་ལྕག་ཁོ་ན་བརྒྱབ་བྱུང་པས། འདིར་སྡོད་ཟེར་བ་ཡིན་ནམ་སྙམ་བསྡད་པས། ནམ་ལངས་མཚམས་རྗེ་དབོན་རྣམས་དེར་སླེབས་ནས་དངོས་པོ་ཐམས་ཅད་གྱར་མེད་དུ་ཕྱག་ཏུ་འབྱོར་འདུག་པ་འདི་ལྟ་བུའི་མཐུ་རྩལ་ནི་སྔོན་གྱི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་གོང་མ་རྣམས་དང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་