R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨ན
[A:༡༢༨ན]བསྐྱབས་པ་སོགས་ཆོས་སྐྱོང་འདི་རྣམས་བྱིན་རླབས་དང་མཐུ་རྩལ་གཞན་ལས་མཆོག་ཏུ་ཆེ་བ་ཡིན་ནོ། །ཞེས་བསྟོད་བཀུར་བསྔགས་གསུམ་དུ་མ་མཛད་པ་ཡིན་ལ། གཞན་ཡང་བསམ་གཏན་ཕུར་བཞུགས་པའི་དུས་ཤིག་ཆོས་སྐྱོང་གི་སྤྲུལ་པ་ཨ་ཙ་རའི་ཆ་ལུགས་ཅན་འགའ་ཞིག་བྲོ་བྱེད་པ་མངོན་སུམ་དུ་གཟིགས་ནས། རྗེ་ཉིད་ཀྱང་ཐུགས་ཉམས་འུར་ཏེ་དེ་རྣམས་དང་ལྷན་ཅིག་ཏུ་བྲོ་མཛད་ནས་གཟིམ་ཕུག་ཏུ་བྱོན་ཏེ། ད་རེས་ཀྱི་ཆོས་སྐྱོང་གི་སྤྲུལ་པ་དེ་རྣམས་ཨེ་འདུག་གཟིགས་པས། དེ་ནས་ཀྱང་གཟིམ་ཕུག་གི་འགག་དེ་ཀ་ན་འདུག་ཅེས་གསུངས་ཤིང་། དེ་རྣམས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་འཁོར་དུ་འདུག་གསུངས་ལ། ཡང་གསུང་ལས། ངེད་ལ་ལུང་བསྟན་ཕལ་ཆེར་ཡེ་ཤེས་ཀྱི་མགོན་པོ་འདིས་བྱེད་ཀྱིན་འདུག་ཅེས་ཀྱང་དད་ལྡན་གྱི་བུ་སློབ་འགའ་ཞིག་ལ་གསུངས་པ་ལས་བརྒྱུད་དེ་ཐོས་སོ། །ཚུལ་འདི་ནི་རྗེ་བླ་མ་འདི་ཟབ་ལམ་ནཻ་གུ་ཆོས་དྲུག་གི་