R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥ན
[A:༡༢༥ན]པ་ཀུན་ལ་ངེད་ལ་རྨི་ལམ་འདི་བཞིན་བྱུང་ཞེས་སྔ་བར་གསུངས་པའི་ཕྱི་དྲོའི་ཆ་ལ་བབ་པ་ཙམ་ན། བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ནས་སྤྲུལ་སྐུ་མགོན་པོ་ཚེ་དབང་དཔོན་གཡོག་རྣམས། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཐུགས་དམ་དང་བཅས་གསང་སྔགས་བདེ་ཆེན་གླིང་གི་མཁན་པོར་རྗེ་ཉིད་སྤྱན་འདྲེན་ལ་རྫོང་བར་མཛད་པ་རྣམས་འབྱོར་བྱུང་བས། རྗེའི་གསུང་གིས། སྤྱིར་དགོན་པའི་འཛིན་སྐྱོང་དང་། ཆེན་པོའི་མཆོད་གནས་སོགས་བློ་ལ་གཏན་ནས་མེད་ཀྱང་ད་ལམ་ནི་ཕྱིན་ན་ལེགས་པ་འདུག་སྟེ། མདངས་ནུབ་རྨི་ལམ་དུ་བྱུང་བའི་མི་ནག་པོ་དེ་གུར་གྱི་མགོན་པོ་ཡིན་ཚོད་དུ་འདུག་ལ་བན་ཆུང་དེ་ཞལ་བཞི་པའི་སྤྲུལ་པར་འདུག་གསུངས་ཤིང་། འདི་ལྟ་བུ་ས་སྐྱ་པའི་ཆོས་སྐྱོང་གི་གཙོ་བོ་ཆེན་པོ་གཉིས་ཀྱང་བདག་ཅག་གི་བླ་མ་འདི་ལ་གུས་འདུད་ཀྱི་སྒོ་ནས་སྤྱན་འདྲེན་གྱི་ཕོ་ཉར་བྱོན་པའི་མཚན་མ་ཡང་དག་