R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤བ
[A:༡༢༤བ]གཞན་ཡང་ཆོས་སྐྱོང་རྣམས་ཀྱི་རྣམ་སྤྲུལ་དུ་མས་ཞལ་བསྟན་ཅིང་ལུང་བསྟན་བརྙེས་པའི་ཚུལ་ནི། རྗེ་ཉིད་མུས་རྫོང་དགའ་ལྡན་རྩེར་ཟབ་རྒྱས་དམ་པའི་ཆོས་ཀྱི་དགའ་སྟོན་དུ་མ་སྩོལ་ཞིང་བསྟན་པ་དང་སེམས་ཅན་གྱི་དོན་འཕེལ་རྒྱས་སུ་མཛད་པའི་ངང་དུ་བཞུགས་པའི་སྐབས་ཤིག་ན། ཐོ་རངས་ཤིག་རྗེ་ཉིད་ཀྱི་མནལ་ལམ་དུ་སྤྲས་པ་རིང་མོ་ནམ་མཁའི་མཐོང་ལ་ཡེ་རེ་བ་ཞིག་ལ་མི་ནག་པོ་འཇིགས་སུ་རུང་བ་གཅིག་འཛེགས་སོང་ནས། རྗེ་ཉིད་ལ་ངའི་རྗེས་ལ་ཤོག་ཟེར་བྱུང་པ་ལ། སྤྲས་པ་འདི་ལ་མ་ཐར་པ་ཡོང་ངམ་སྙམ་ཐུགས་བག་ཚ་བ་ཙམ་འདུག་པ་ལ་དེ་མ་ཐག་བན་ཆུང་དྲིལ་ཆུང་གཡེར་ཁ་མང་པོ་བཏགས་པ་ཞིག་བྱུང་ནས་སྤྲས་པ་དེ་ལ་ཡར་རྒྱུག་མར་རྒྱུག་མང་དུ་བྱས། འདི་ཙམ་ལ་མི་ཐར་པ་ཡར་སོང་ཟེར་ཕུལ་བྱུང་བས། རྗེ་ཉིད་ཀྱིས་སྤྲས་པ་དེ་ལ་འཛེགས་བྱོན་པས། སྤྲས་འགོར་སྔར་གྱི་མི་ནག་པོ་དེས་ཕྱག་འདྲེན་བཏང་བྱུང་བ་སོགས་རྨིས་མཚམས་མནལ་སད་བྱུང་བ་ན། ཞབས་དྲུང་ན་གནས་